སྤོ་བོ་རྫོང་གིས་ལས་ཞུགས་དང་ལས་ཞུཌ་བསྐྱར་མའི་དམིཌ་ཚད་ཚད་བརྒལ་ངང་ལེཌ་སྒྲུབ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-16 09:59:17

ཉེ་ཆར་གསར་འགོད་པས་སྤོ་བོ་རྫོང་ལས་ཞུགས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2014ལོར་སྤོ་བོ་རྫོང་གིས་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པས་མངོན་གསལ་དོད་པའི་ཕན་འབྲས་ཐོན་ཡོད། མིག་སྔའི་བར་རྫོང་དེས་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཤིང་། ཁྱོན་ལས་གནས་195གསར་གཏོད་བྱས་ནས་ལོ་འགོའི་དམིགས་ཚད་ལས་འགན་གྱི་118%ལེགས་སྒྲུབ་བྱས་པ་དང་། མི་172གསར་དུ་ལས་ཞུགས་ཐུབ་པ་བྱས་ནས་ལོ་འགོའི་དམིགས་ཚད་ལས་འགན་གྱི་111%ལེགས་སྒྲུབ་བྱས་པ། ཞིང་འབྲོག་པ་ལས་མི་4691ལས་ཞུཌ་གཞན་སྒྱུར་ཐུབ་པ་བྱས་ནས་ལོ་འགོའི་དམིགས་ཚད་ལས་འགན་གྱི་117%ལེགས་སྒྲུབ་བྱས་པ། མི་309ལ་ལས་ཞུཌ་མཛུབ་ཁྲིད་བྱས་པ་དང་མི་313ལ་ལས་རིཌ་ངོ་སྤྲོད་བྱས་པའི་ནང་མི་179ངོ་སྤྲོད་ཐུབ་ནས་ལོ་འགོའི་དམིགས་ཚད་ལས་འགན་གྱི་149%ལེཌ་སྒྲུབ་བྱས་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།