སྤོ་བོ་རྫོང་གིས་ཡིག་བསྐུར་ངོ་བཅར་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

འདི་ལོ་ནས་བཟུང་སྤོ་བོ་རྫོང་གིས“འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་གཙོ་བོ་འཁུར་མཁན་གསལ་པོ་བཟོ་བ། ཡིག་བསྐུར་ངོ་བཅར་གྱི་རྣམ་པ་ལེགས་སུ་གཏོང་བ”བཅས་ཀྱི་རྩ་དོན་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཡིག་བསྐུར་ངོ་བཅར་གྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་དང་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་དཀའ་གནད་ཐག་གཅོད་ནན་ཏན་བྱས་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྡེ་ཚན་དབར་གྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ། སྤོ་བོ་རྫོང་སྒྲིག་ཁྲིམས་ལྟ་ཞིབ་སྡེ་ཚན་གྱིས་ཡིག་བསྐུར་ངོ་བཅར་སྡེ་ཚན་དང་མཉམ་དུ་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་ནས་ཡིག་བསྐུར་ངོ་བཅར་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། དུས་བཀག་ལྟར་ཚོགས་འདུ་འཚོགས་པ་དང་། དུས་ཐོག་ཏུ་ཆ་འཕྲིན་སྤེལ་བ། ཡིག་བསྐུར་ངོ་བཅར་ལས་ཀའི་འགུལ་རྣམ་དབྱེ་ཞིབ་བྱེད་པ། ཐག་གཅོད་བྱེད་ཐབས་ཞིབ་འཇུག་བཅས་བྱས་ཐོག་ཡིག་བསྐུར་ངོ་བཅར་ལ་ཨ་ལན་སློག་མགྱོགས་པ་དང་། སྡེ་ཚན་མཉམ་འགུལ་བྱེད་པ། ནུས་ཤུགས་གཅིག་སྒྲིལ་ངང་འདུམ་སྒྲིག་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བྱས་པ་རེད།

ཡིག་བསྐུར་ངོ་བཅར་གྱི་འགན་འཁྲི་གཙོ་བོ་འཁུར་མཁན་གསལ་པོ་བཟོས་ནས་ཡིག་བསྐུར་ངོ་བཅར་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་བ། ཡིག་བསྐུར་ངོ་བཅར་དང་འབྲེལ་བ་ཡོད་པའི་སྡེ་ཚན་དང་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་ཏན་བྱས་ནས་ཡིག་བསྐུར་ངོ་བཅར་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་འགན་འཁྲི་ནན་ཏན་ངང་སྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཧུར་ཐག་བཏང་བས་ཡིག་བསྐུར་ངོ་བཅར་བྱེད་མཁན་ལ་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བ་དང་བདག་སྤྲོད་ཡག་པོ་བྱས་ཏེ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ལ་དུས་ཐོག་ཏུ་ལན་སློག་ཐུབ་པ་བྱེད་ཀྱི་ཡོད།

ཡིག་བསྐུར་ངོ་བཅར་བྱེད་སྟངས་ལེགས་སུ་བཏང་སྟེ་ངོ་བཅར་བྱེད་པ་དེ་མང་ཚོགས་ལ་རང་འགུལ་ངང་འཚམས་འདྲི་བྱེད་པར་འགྱུར་བ། ཡིག་བསྐུར་ངོ་བཅར་སྡེ་ཚན་གྱིས་སྔོན་ཆད་གཞུང་དོན་ཁང་དུ་ངོ་བཅར་བྱེད་པར་ཡོང་མཁན་སྒུག་པའི་ལས་ཀ་བྱེད་སྟངས་ནས་རང་འགུལ་ངང་མང་ཚོགས་ཁྲོད་བསྐྱོད་དེ་དོན་དངོས་དང་ཁྱོན་ཡོངས་ནས་ཞིབ་བཤེར་ཁ་གསལ་བྱེད་པར་འགྱུར་ལྡོག་བཏང་བ་དང་དུས་མཚུངས་གཏན་འཁེལ་གྱི་དུས་ཚོད་ནང་ཨ་ལན་བསློགས་ཏེ་ཡིག་བསྐུར་ངོ་བཅར་བྱེད་མཁན་བློ་ཡིད་ཚིམ་པོ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།