སྤོ་བོ་རྫོང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དམ་འཛིན་ལྷོད་མེད་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་།སྲིད་དོན་གཙང་སྐྱོང་གི་བསམ་བློའི་འགོག་སྲུང་བརྟན་དུ་གཏོང་བ།སྤྱོད་གཙང་གཞུང་དྲང་གི་རྣམ་པ་བཟང་པོ་བཅས་གཏོད་ཆེད་འདི་ལོ་ཤར་ཚུན་སྤོ་བོ་རྫོང་གིས་སྲིད་གཙང་སློབ་གསོའི་རྣམ་པ་གསར་གཏོད་བྱས་ནས་ཏང་ཡོན་ལས་བྱེད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སློབ་གསོ་བཏང་སྟེ་རུལ་རྒོལ་འགྱུར་འགོག་གི་ནུས་པ་མཐོ་རུ་བཏང་ནས་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།   རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུར་དམ་འཛིན་བྱས་ཏེ་སྲིད་དོན་གཙང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ།སྲིད་གཙང་གི་ཏང་གི་སློབ་ཚན་ཁྲིད་པ་དང་།སྲིད་གཙང་གི་སློབ་གསོའི་པར་གཞི་ལྟ་བ།ཏང་ཡོན་རྒན་གྲས་ཀྱིས་རང་གི་མཐོང་ཐོས་དྲན་རེག་བཤད་པ་སོགས་ཀྱི་ཐབས་ཤེས་སྤྱད་ནས་རྫོང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་བྱེད་པ་དང་།བསམ་བློའི་ཐད་ནས་རུལ་སུངས་སྔོན་འགོག་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་སྔ་ཕྱི་བར་གསུམ་དུ་རྒྱུ་ནོར་ལ་མི་རྔམ་པ་དང་རང་ཚུགས་ཐུབ་པ་བྱས་ཡོད་ཅིང་།མིག་སྔའི་བར་ཁྱོན“གཙོ་འགན་འཁུར་མཁན”གྱི་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུའི་བརྙན་འཕྲིན་ལེ་ཚན་ཐེངས་ལྔ་བཟོས་ནས་ཐེངས་28སྐོར་སྐྱོད་ཀྱིས་བསྟན་པ་དང་།སྲིད་གཙང་གི་ཏང་གི་སློབ་ཚན་དང་ཉེན་གཏོང་གི་སློབ་གསོའི་བྱེད་སྒོ་ཐེངས་15སྤེལ་བ།རྫོང་ཡོངས་ཀྱི་ཤང་(གྲོང་རྡལ)10དང་རྫོང་ཐད་གཏོགས་སྡེ་ཚན་30ཡི་ཏང་ཡོན་ལས་བྱེད་སྒྲིག་འཛུགས་བྱས་ཏེ《སྲིད་གཙང་ཀྲུང་གོ》དང་《རུལ་རྒོལ་འགྱུར་འགོག་གི་ཟླ་རེའི་སློབ་ཚན་ཐེངས་གཅིག》སོགས་སྲིད་གཙང་གི་གློག་བརྙན་བལྟས་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་བཅས་རེད།

དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་དུས་ཐོག་ཏུ་ཤེས་པ་དང་དུས་ཐོག་ཏུ་དག་ཐེར་བྱས་ནས་དངོས་ཕན་དོན་གཉེར་ཐུབ་པ་བྱས་པ།མང་ཚོགས་ཀྱིས་གླེང་མང་པའི“སྤྱོད་ཚུལ་བཞི”དང“གནད་དོན་གཉིས” “ཉམས་ཞན་གཅིག”བཅས་ཀྱི་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ངང་དག་ཐེར་འཆར་གཞི་བཟོས་ནས་དག་ཐེར་ནང་དོན་དང་།དུས་བཅད།འགན་འཁྲིའི་མི་སྣ་བཅས་གསལ་པོ་བཟོས་ཏེ་དག་ཐེར་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ལྷོད་མེད་བྱས་ཡོད་པ་རེད།སྔ་རྗེས་སུ་གཞུང་དོན་སྤྱོད་ཁང་དང་།ལས་བྱེད་དོ་དམ།“གཞུང་གསུམ”གྱི་འགྲོ་གྲོན་སོགས་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་དང་།ཏང་ཡོན་ལས་བྱེད་པས“སློབ་མའི་དགའ་སྐྱེལ་སྟོན་མོ”སོགས་སྤེལ་རྒྱུ་གཏན་འགོག་བྱས་པ་དང་འབྲེལ་སྤྱི་ཚོགས་ཐོག་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ།ཏང་ཡོན་ལས་བྱེད་པས་ལས་ཀའི་དུས་ཚོད་ནང་ཇ་ཁང་དུ་ཇ་འཐུང་བ་དང་མཱ་ཅང་རྒྱག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་མངོན་འགོག་བརྟག་དཔྱད་དང་ཆེད་དོན་ཞིབ་བཤེར་བྱེད་པ།ལས་བྱེད་ལས་བཟོས་ལས་ཀར་ཕྱི་འབྱོར་སྔ་ལོག་དང་།གཞུང་དོན་ཁང་དུ་མཉེན་ཆས་སྤྱད་དེ་ཁ་བརྡ་གློད་པ་དང་གློག་རྡུལ་རོལ་རྩེད་རྩེ་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་བཅས་རེད།

སྲིད་གཙང་དྲིལ་བསྒྲགས་དམ་འཛིན་བྱས་ནས་སྤྱོད་གཙང་གཞུང་དྲང་གི་རྣམ་པ་གཏོད་པ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དྲིལ་བསྒྲགས་ཟླ་བ་དང་།“སྤྱོད་གཙང་གི་སྤོ་བོ”ཞེས་པའི་སྲིད་གཙང་བརྩམས་ཆོས་འཚོལ་བསྡུ།སྲིད་གཙང་ཁྲིམས་སྲོལ་གྱི་ཤེས་བྱའི་འགྲན་བསྡུར་སོགས་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས་བོད་རྒྱ“ཡིག་རིགས་གཉིས”ལ་བྱང་ཆུབ་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་མི)ཁག་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་བྱེད་པར་སྐྱོད་པ་དང་སྲིད་གཙང་རིག་གནས་ཀྱི་སྒོ་ར་ཆེ་མོ་བསྐྲུན་པ་དང་སྲིད་གཙང་རིག་གནས་འགྲེམས་པང་བཟོས་པ།ཏང་སྲིད་ཐོག་བརྩེགས་ཁང་ཆེན་གྱི་ཚོམས་ཆེན་གྱི་LEDབརྙན་ཤེལ་ཐོག་སྲིད་གཙང་རི་མོ་དང་དེ་བཞིན་ལེགས་བཤད་གདམས་ངག་སོགས་སྟོན་པ་བཅས་བྱས་པས་ཏང་ཡོན་ལས་བྱེད་པས་ཕན་ཚུན་ལྟ་སྐུལ་དང་།ཕན་ཚུན་དྲན་སྐུལ།སྤྱོད་གཙང་རང་འདོམས།ཉེན་བརྡ་ཡུན་རིང་སྒྲོག་པ་བཅས་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་སྤྱོད་གཙང་ཐུན་མོང་ཐོག་ཆགས་པ་དང་སྤྱོད་གཙང་གི་སྤོ་བོ་འཛུགས་སྐྱོང་ཤུགས་ཆེན་བྱས་ཡོད་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།