མེ་ཏོག་རྫོང་གིས། བུད་མེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཇ་བཏབ་ནས་འབབ་འཕར་གཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-05 10:27:44

QQ截图20190605102136.png

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་།  མེ་ཏོག་རྫོང་གིས་ཡུལ་བབ་དང་བསྟུན་ཏེ་ནགས་སའི་ཐོན་ཁུངས་ཀྱི་རང་བྱུང་ཁོར་ཡུག་དང་ས་བབ་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་ཀྱིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་ཇ་ལོ་ཞིང་འབྲོག་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་ལ་གཏན་འཁེལ་བྱས་པ་མ་ཟད།  ཇའི་ཐོན་ལས་མེ་ཏོག་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་གྱུར་བ་བྱས་ཡོད།  ཁྱད་ལྡན་ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་མེ་ཏོག་རྫོང་གིས“ཀུང་སི་དང་། རྟེན་གཞི།  ཞིང་དུད།  དངོས་གཞིའི་ཚོང་ཁང(དྲ་ཐོག་ཚོང་ཁང)”བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་རིམ་ཁག་གྲོང་ཚོའི་རྩ་འཛུགས་ཀྱིས་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།  འགན་འཁྲིའི་ཁུལ་བགོས་པ་དང་འགན་འཁྲི་འཁུར་མཁན་གཏན་འཁེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད།  རྒྱ་ཆེའི་བུད་མེད་ཇའི་ཐོན་ལས་འདེབས་འཛུགས་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་པར་སྒྲིག་འཛུགས་བྱས་པ་དང་།  བུད་མེད་ལས་ཞུཌ་དང་ཁྱིམ་ཚང་གི་ཡོང་འབབ་མཐོར་གཏོང་སོགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཇའི་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྫོང་ཡོངས་ཀྱི་བུད་མེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་བྱུང་བ་མ་ཟད།  ཕན་འབྲས་ཀྱང་མངོན་གསལ་དོད་པོ་བྱུང་ནས་རྫོང་ཡོངས་ཀྱི་བུད་མེད་དང་ཁྱིམ་ཚང་གི་ཡོང་འབབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ལ་གྱུར་ཡོད།

འདི་ནི་མེ་ཏོག་རྫོང་གི་ཇ་འདེབས་ཞིང་པས་ཇ་ལོ་འཐུ་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།