ཡུལ་སྐོར་དབུལ་སྐྱོར་གནད་ལ་འཕིགས་པས་“མཛེས་པའི་དབུལ་ཕོངས་”ཀྱི་དཀའ་གནད་བསལ་བ།

ཤིན་ཧྭ་དྲ་བ།

| 2018-05-28 12:19:39

QQ截图20180528114839.png

ཉིང་ཁྲི་གྲོང་ཁྱེར་ཆབ་ནག་ཤང་བྷ་ག་གྲོང་ཚོའི་གྲོང་མི་འགྱུར་མེད་ཀྱི་ཁྱིམ་ཚང་ཡུལ་སྐོར་གླིང་གི་ཟུར་ཞིག (ཟླ་5ཚེས་17ཉིན་པར་བླངས་) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏུའུ་ཧྥེང་གིས་པར་བླངས།

ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས།ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་གཏིང་ཟབ་པའི་དབུལ་ཕོངས་ས་ཁོངས་དང་དབུལ་ཕོངས་མི་འབོར་ཐད་གནད་ལ་འཕིགས་པའི་སྒོ་ནས་གཅིག་སྡུད་དོ་ཁུར་བྱས་པ་དང་། འཛམ་གླིང་ཡང་རྩེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་ལ་བརྟེན་ནས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག ཡུལ་སྐོར་དབུལ་སྐྱོར་དང་སྲིད་ཇུས་ལག་ལེན་གནད་འཕིགས་པ། འགག་སྒྲོལ་ཐད་ཟབ་བསྐྱོད་བཅས་ཏན་ཏིག་བྱས་ཏེ། ཐོན་ལས་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འཁྲིད་བྱས་པ་དང་། སྔོན་ཆད་ཀྱི་དབུལ་ཕོངས་གྲོང་ཚོ་མི་ཉུང་བ་ཞིག་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་བཞིན་ཡོད།

QQ截图20180528114913.png

 ཉིང་ཁྲི་གྲོང་ཁྱེར་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་ཟུར་གསུམ་མགྲོན་ཁང་དུ་ལྷག་པ་སྒྲོལ་མ(གཡོན་གྱི་དང་པོ་)དང་ཁོང་གི་བཟའ་ཟླས་སྐུ་མགྲོན་ལ་ས་ཆ་དེ་གའི་ཡུལ་ཟོག་འོས་སྦྱོར་བྱེད་པ།(ཟླ་4ཚེས་22ཉིན་པར་བླངས་) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏུའུ་ཧྥེང་གིས་པར་བླངས།

QQ截图20180528114940.png

 ཉིང་ཁྲི་གྲོང་ཁྱེར་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་ཟུར་གསུམ་མགྲོན་ཁང་མཐའ་འཁོར་གྱི་ཡུལ་ལྗོངས།(ཟླ་4ཚེས་22ཉིན་པར་བླངས་) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏུའུ་ཧྥེང་གིས་པར་བླངས།

QQ截图20180528115009.png

ཉིང་ཁྲི་གྲོང་ཁྱེར་ཕད་གྲོང་རྡལ་འཐིམས་པ་གྲོང་མི་ཚོགས་ཆུང་གི་ཙུའུ་ཀྲང་ཇའོ་ནོར་བུས་(གཡས་)སྒེར་འཁོར་བཏང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་ལ་ཕེབས་བསུ་ཞུ་བ།(ཟླ་4ཚེས་22ཉིན་པར་བླངས་) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏུའུ་ཧྥེང་གིས་པར་བླངས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།