འདི་གར་ཡུལ་ལྗོངས་ལྷག་པར་མཛེས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-05-04 10:10:04

QQ截图20180504092712.png

ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་རྣམ་གྲངས་འཆར་འགོད་ཀྱི་གྲ་སྒྲིག་ལས་དོན་ལ་ལུགས་དང་མཐུན་པའི་སྐུལ་འདེད་བཏང་བ་དང་། རིགས་ཁག་གི་རྣམ་གྲངས་ཆེ་ཆུང་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་བས། རྣམ་གྲངས་དོ་དམ་ལས་དོན་མངོན་གསལ་དོད་པོས་ཚད་ལྡན་བྱུང་ཡོད། 2017ལོར་རྣམ་གྲངས་179ལག་བསྟར་བྱས་པར་ཁྱོན་སྒོར་དུང་ཕྱུར་55.85བཏང་བ་དང་། ལོ་འཁོར་མོར་མ་འཇོག་སྒོར་དུང་ཕྱུར་17.63ལེགས་གྲུབ་ཟིན་པ་རེད། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། འགྲིམ་འགྲུལ་དང་། གློག་ཤུགས། གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། བགྲོད་ལམ་བསྐྱར་སྐྲུན་དང་གྲོང་ཁྱེར་ལྗང་འགྱུར་དང་མཛེས་བཟོ་སོགས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས། རྫོང་ཡོངས་ཀྱི་རིགས་ཁག་གི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ལ་འབབ་འཕར་ཡོང་བ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ལ་འགན་ལེན་གལ་ཆེན་བྱས་ཡོད་ཅིང་། འདི་ནི་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་སྟག་མོ་གྲོང་གསར་གྱི་འཛུགས་སྐྲུན་གྱི་ཟུར་ཞིག་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།