ཉིང་ཁྲིའི་སློབ་ཆུང་སློབ་མས་དཔེ་དེབ་ཁང་ནང་དཔེ་དེབ་ལྟ་ཀློག་བྱེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-09-17 17:04:47

QQ截图20180423155550.png

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་ཁྱོན་སློབ་ཆུང་9ཡོད་པ་དང་སློབ་ཆུང་ཚང་མར་དཔེ་དེབ་ཁང་བཙུགས་ཡོད་པ་རེད། སློབ་གྲྭས་ཞག་སྡོད་སློབ་མ་དང་ཞག་སྡོད་མ་ཡིན་པའི་སློབ་མའི་གནས་ཚུལ་ལ་གཞིགས་ཏེ་དཔེ་དེབ་ཁང་སྒོ་ཕྱེ་བའི་དུས་ཚོད་གཏན་འཁེལ་བྱས་ཏེ་སློབ་མ་ཚོར་དཔེ་དེབ་ཀློག་པའི་དུས་ཚོད་འདང་ངེས་མཁོ་འདོན་བྱས་པ་དང་ཆབས་ཅིག སློབ་གྲྭས་དུས་ཐོག་ཏུ་སློབ་མ་སྒྲིག་འཛུགས་བྱས་ཏེ་དཔེ་ཀློག་དང་། སྒྲུང་གཏམ་ཤོད་པའི་འགྲན་བསྡུར། བོད་རྒྱ་ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་མ་ཚོའི་དཔེ་ཀློག་དང་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱས་ཤིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་ལྟེ་བའི་སློབ་ཆུང་གི་ལོ་རིམ་དམའ་བའི་སློབ་མ་ཚོས་དཔེ་དེབ་ཁང་ནང་དེབ་བལྟ་བའི་གནས་ཚུལ་ཡིན་པ། (ཟླ་4ཚེས་18ཉིན་པར་བླངས)


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།