ལག་རྩལ་རྩེར་སོན་སོན་རྒྱུད་ལེགས། ཐོན་འབབ་མཐོར་འདེགས་འབབ་འཕར་བརྩོན།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-01 11:59:47

QQ截图20170901114832.png

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དཔེ་སྟོན་ཁུལ་གྱི་དགུན་ནས་སོན་གསར་ཏེ“དགུན་ནས་ཨང་18”སྐྱེ་ཚུལ་བཟང་ལ་སྨིན་པའི་དུས་སུའང་སླེབས་ཡོད་པ།

ལོ་ཏོག་སྐྱེ་ཚུལ་བཟང་ལ་ཐོན་འཕར་གྱི་ལེགས་ཆའང་མངོན་གསལ་དོད་པ།

“དགུན་ནས་ཨང་18”ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་རྒྱུད་འདྲེས་སྡེབ་སྦྱོར་བྱས་པའི“དགུན་ནས་ཨང་11”འདེམས་གསོ་བྱས་པ་ལས་འདེབས་གསོ་ཐུབ་པ་དང་། 2013ལོར་རང་སྐྱོང་ལྗོངས་ཞིང་ལས་སྐྱེ་དངོས་སོན་རིགས་ཞིབ་བཤེར་གཏན་འབེབས་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་རེད། ལོ་4ཡི་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་འདེབས་རྒྱུར་འཚམ་པའི་ས་ཁོངས་སུ“དགུན་ནས་ཨང་18”གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱས་ཤིང་། 2017ལོར་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་4ཡི་འབྲུ་རིགས་ཐོན་ཁུལ་རྫོང་གཙོ་བོ་18ཀྱི་ཤང་དང་གྲོང་རྡལ་48དུ་རིམ་རྩིས་བྱས་ན་ས་ཞིང་མུའུ་32850.5ལ་དཔེ་སྟོན་འདེབས་འཛུགས་བྱས་པ་དང་། མིག་སྔར་འདེབས་ཁུལ་ཁག་གི་ལོ་ཏོག་སྐྱེ་ཚུལ་སྤྱིར་ན་ལེགས་པོ་ཡོད་པ་རེད།

སྐྱིད་གཤོངས་ཀྱི་ཆུ་ཡུར་ཨ་མའི་སྨད་རྒྱུད་ཀྱི་ས་ཁམས་ཆགས་ཚུལ་དམིགས་བསལ་ཆེ་ཞིང་ལོ་གཅིག་དུས་བཞིར་རླུང་བུ་ལྡང་ཤུགས་ཆེན་པོ་ཡོད། “ལོ་ཏོག་སྐྱེ་ཚུལ་སྤྱིར་ན་བཟང་བ་མ་ཟད་ལོ་ཏོག་ཉལ་བའི་སྣང་ཚུལ་མཐོང་རྒྱུ་མེད་ལ་ཡལ་ག་རྒྱས་ནས་སྙེ་མ་བཏེགས་ཚུལ་ཡང་ལེགས་པོ་འདུག”ཅེས་ཉིན་བཞིན་སྨིན་ནས་གསེར་མདོག་ཏུ་གྱུར་པའི“དགུན་ནས་ཨང་18”བཏབ་པའི་དཔེ་སྟོན་སོན་ཞིང་མཐོང་སྐབས་རྟག་ཏུ་སེམས་འཚབ་བྱེད་བཞིན་པའི་གཞོང་ནུ་ཐར་པ་གཞི་ནས་གནས་བཟོད་བདེ་བར་གྱུར་པ་མ་ཟད་ནག་ཅིང་སྣུམ་པའི་ངོ་གདོང་ནས་འཛུམ་མདངས་ཀྱང་ངང་གིས་འཕྱུར། “ད་གིན་ངས་སྐོར་ལྟ་ཞིབ་ཚགས་ཤིག་བྱས་པ་ཡིན་ཏེ། དཔེ་སྟོན་ཁུལ་ཧྲིལ་པོའི་མྱུ་གུ་་ས་ངོས་ལས་ཐོན་ཚད་སྨི་གཅིག་གཡས་གཡོན་ཟིན་པ་དང་། མྱུ་གུ་འབུས་ཚུལ་ཆ་སྙོམས་པ། སྙེ་མ་འདོགས་ཚུལ་བཟང་བ། རྐང་ཡུ་མཉེན་པ་བཅས་འདུག”ཅེས་བཤད།

“‘དགུན་ནས་ཨང་18’ཀྱི་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ་370ཟིན་པ་དེ་དགུན་ནས་གཞན་གྱི་ས་བོན་དང་བསྡུར་ན་ཐོན་འཕར་བྱུང་ཚད་10%ཡན་ཟིན་པ་དང་། མུའུ་རེ་ནས་ཆ་སྙོམས་ཐོན་འཕར་ཡོང་ཚད་སྤྱི་རྒྱ་39.1ཟིན་པ་དང་མུའུ་རེ་ནས་འབབ་འཕར་སྒོར་156.4བྱུང་བ་དེ་དཔྱིད་ནས་དང་བསྡུར་ན་ཐོན་འཕར་ཡོང་ཚད་12%ཡན་ཟིན་གྱི་འདུག”དེ་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིང་ལས་ཞིབ་འཇུག་སུའོ་ཡིས་ལོ་འགའི་རིང་དཔེ་སྟོན་ངང་འདེབས་འཛུགས་བྱས་པ་ལས་བྱུང་བའི་སྡོམ་ཚིག་ཅིག་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་གཏོང་རྒྱུ་འགན་ལེན་བྱས་པ།

“དགུན་ནས་ཨང་18”ཀྱི་དཔེ་སྟོན་འདེབས་འཛུགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། 2016ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་སྤྱི་ཡོངས་ནས་མཐུན་སྦྱོར་བྱེད་པ་དང་། ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ལག་རྩལ་མཛུབ་ཁྲིད་དང་གསོ་སྦྱོང་བྱེད་འགན་ཁུར་བ། གྲོང་ཁྱེར(ས་ཁུལ)ཞིང་འབྲོག་ཅུས་མཉམ་དུ་ཞུགས་པ་བཅས་ཀྱི“དགུན་ནས་ཨང་18”ཀྱི་དཔེ་སྟོན་ཁྱབ་གདལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་དཔེ་སྟོན་ཁྱབ་གདལ་ལས་དོན་ལ་སྤྱི་འདོམས་ངང་མཐུན་སྦྱོར་བྱས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལག་རྩལ་སྟོབས་ཤུགས་མཉམ་འབྲེལ་དང་མཉམ་ལས་ནུས་ལྡན་ཐུབ་རྒྱུའི་འགན་ལེན་བྱས་ཡོད།

མ་དངུལ་གཏོང་བའི་ཐད་2017ལོར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ནོར་སྲིད་ཐིང་གིས་ཁྱོན་མ་དངུལ་སྒོར་ཁྲི་600བཀོད་སྒྲིག་བྱས་པ་དེ་དག་ནས་སོན་གསར་པའི་ལེ་ལག་ཚང་བའི་འདེབས་འཛུགས་ལག་རྩལ་ཞིབ་འཇུག་དང་འདུས་གྲུབ་དཔེ་སྟོན་ཁྱབ་གདལ་ཐད་ལ་སྤྱད་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཐོན་སྐྱེད་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ། ཐོན་མཐོ་རྣམ་པའི་ནས་སོན་གསར་པ་སྟེ“དགུན་ནས་ཨང་18”དཔེ་སྟོན་ཁྱབ་གདལ་དང་བསྐྱར་འདེབས་ལག་རྩལ་ཞིབ་འཇུག་གི་ལས་དོན་སྤེལ་རྒྱུའི་གྲོས་འགོ་བཏོན་ནས“དགུན་ནས་ཨང་18”རང་ལྗོངས་སུ་ཁྱབ་གདལ་གཏོང་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད།

བརྒྱུད་རིམ་ཧྲིལ་པོར་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཏེ་ཞབས་ཞུ་གནད་ལ་འཁེལ་བའི་འགན་ལེན་བྱས་པ།

ལྗོངས་ཡོངས་སུ“དགུན་ནས་ཨང་18”དཔེ་སྟོན་ཁྱབ་གདལ་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་ཆེད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་དབུ་ཞུགས་རིགས་གཅིག་མཁས་ཅན་གྱི་འགན་འཁུར་ལམ་ལུགས་དང་ལག་རྩལ་ཞབས་ཞུའི་ཁག་བགོས་འགན་གཙང་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ཞིང་། ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་དབུ་ཞུགས་རིགས་གཅིག་མཁས་ཅན་གྱི་འགན་ཁུར་བ་དང་ཞིང་ལས་ཞིབ་འཇུག་སུའོ་ཡི་ལག་རྩལ་མི་སྣ་ལས་གྲུབ་པའི་ལག་རྩལ་ཞབས་ཞུ་ཚོགས་ཆུང་4ཡིས་དཔེ་སྟོན་ཁྱབ་གདལ་གཏོང་ཡུལ་གྱི་གྲོང་ཁྱེར་4ལ་ཕྱོགས་ཏེ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ལག་རྩལ་མཛུབ་སྟོན་དང་ཞབས་ཞུ་མཁོ་འདོན་བྱས་ནས་འགན་འཁྲི་དང་། བྱ་ཐབས། མ་འཇོག་བཅས་གསུམ་དམིགས་སར་འབྱོར་བ་བྱས་ཡོད། (སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)

འདི་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་འཆི་མེད་དབང་མོས་ཞིང་ནང་དུ་བསྐྱོད་དེ་མང་ཚོགས་ལ་ནས་འདེབས་འཛུགས་བྱེད་སྟངས་དང་འབྲེལ་ཡོད་ཤེས་བྱ་གསལ་འགྲེལ་བྱེད་པའི་གནས་ཚུལ་ཡིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།