ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་སྐོར་གྱི་མཐོང་ཐོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-08-30 11:15:23

QQ截图20170830105412.png

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཇ་རའི་ལས་མིས་ཇ་ཞིང་ནང་ཇ་ལོ་འཐུ་བཞིན་པ།

ལོ་མང་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྔོ་ཤིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕན་དམངས་ཕྱུག་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་བསྐྲུན་པ་དང་། སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་ཕྱུག་པོ་ཆགས་པ་བྱེད་པ། སྣོད་བཅུད་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་པ་བཅས་ཀྱི་གཞི་རྩའི་བསམ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆུའི་སྦགས་བཙོག་འགོག་བཅོས་དང་། ཁོར་ཡུག་ལྟ་འདོམས་དྲ་མིག་ཅན། རླུང་ཁམས་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་བཅས་ཀྱི་ལས་ཀའི་ཇུས་གཞི་དང་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་སོགས་ཀྱི་སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་བཏོན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་མཉམ་འཁུར་དང་གནས་གཅིག་འགན་གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྣོད་བཅུད་ཀྱི“དམར་ཐིག”དེ“གློག་ཆེན”ལ་བསྒྱུར་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྩ་འཛུགས་རྨང་གཞི་དང་། མང་ཚོགས་རྨང་གཞི། སྤྱི་ཚོགས་རྨང་གཞི། ལས་ཀའི་རྨང་གཞི་བཅས་བརྟན་དུ་བཏང་བ་མ་ཟད། མ་དངུལ་གཏོང་ཤུགས་ཆེ་རུ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ་རེད། 2013ལོ་ནས་2016ལོའི་བར་ཁོ་ནར། ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་31.55ཟིན་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་ཤེས་ལྡན་མི་སྣ་143བཀོད་སྒྲིག་བྱས་པ། ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་5ནང་འདྲེན་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་བཏང་ཞིང་། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་རྒྱ་ཁྱབ་བྱས་ཏེ་ཁོར་ཡུག་སྦགས་བཙོག་སྐོར་གྱི་ཁ་པར་གོང་ཞུ་དང་ཐོལ་བྱུང་གི་ཁོར་ཡུག་སྦགས་བཙོག་དོན་རྐྱེན་དུས་ཐོག་དང་ལས་ཕྱོད་ཆེན་པོས་བདག་སྤྲོད་བྱས་པ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་ཁོར་ཡུག་སྦགས་བཙོག་སྐོར་གྱི་གོང་ཞུ་ཐེངས་119བདག་སྤྲོད་བྱས་པ་དང་། གོང་ཞུ་དང་ལེན་བྱེད་ཚད་100%དང་། ཞིབ་བཤེར་ཐག་གཅོད་བྱེད་ཚད་100%ཟིན་པ་རེད།

མིག་སྔར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་ལ་རྒྱལ་ཁབ་ཀྱི་ས་གནས་ས་ཐོག་གི་ལག་རྩལ་ཞིབ་བཤེར་ཟིན་ནས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་6དང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་གྲོང་39 རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་356བཅས་གསར་འཛུགས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཏེ་གྲོང་ཁྱེར་དེ་ཡོངས་སུ་གསར་འཛུགས་བྱེད་ཚད་80%ཡན་ཟིན་པ་དང་། སྔོ་ལྗང་ལས་ཁུངས་4དང་། སྔོ་ལྗང་སློབ་གྲྭ་7 སྔོ་ལྗང་ཁེ་ལས་3བཅས་ཐོན་པ་དང་། སྣོད་བཅུད་འཛུགས་སྐྱོང་དང་སྲུང་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཤིང་། ཉེ་བའི་ལོ་3རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་དོན་འཁྱོལ་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྣམ་གྲངས་32འཛུགས་སྐྲུན་ལེགས་གྲུབ་བྱས་པ་མ་ཟད། ཉིང་ཁྲི་གྲོང་ཁུལ་དང་། ཉང་ཆུ་རྒྱུག་ཁུལ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་ཉིང་ཁྲིའི་དུམ་བུ། ལྷ་ཉིང་ལྕགས་ལམ་ལམ་རྒྱུད། ཉིང་ལྷ་རིམ་མཐོའི་གཞུང་ལམ་ལམ་རྒྱུད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགོག་སྲུང་ནགས་ར་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཞིང་། རིམ་རྩིས་བྱས་ན་རིགས་ཁག་གི་ནགས་ར་མུའུ་ཁྲི་64.47བསྐྲུན་པས་ཐང་སྡེར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད།

ཕན་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་བར་མཐོངས་གསར་སྤེལ་གྱི་བཀོད་པ་ལེགས་སུ་གཏོང་སྐབས། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)5རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ཕན་ནུས་ཁུལ་ནང་བཅུག་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་86.8%བཟུང་བ་དང་། རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་དང་། ནགས་ཚལ་སྤྱི་གླིང་། འདམ་རའི་སྤྱི་གླིང་། ས་གཤིས་སྤྱི་གླིང་སོགས་གསར་སྤེལ་བྱེད་མི་ཆོག་པའི་ཁུལ་དབྱེ་བར་སྤྱི་ཆིང་ཁྲི་387ཟིན་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་33.15%བཟུང་ཡོད་པ་རེད། ད་ཆ་གྲོང་ཁྱེར་དེ་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་4དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་3 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་3 རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་1 སྐྱེ་ལྡན་ཇ་ར་1བཅས་ཡོད་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་6.27བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་489ཡི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས་ཡོད་པ་རེད།

མཛེས་སྡུག་ལྡན་པའི་ཁོར་ཡུག་དང་། གཙང་ཞིང་གྲལ་འགྲིག་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ། སྣོད་བཅུད་བཟང་བ་དང་ཡ་རབས་ཀྱི་སྲོལ་བཟང་བཅས་ནི་ཉིང་ཁྲི་འཕེལ་རྒྱས་གཏོང་བའི་གཞི་མ་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འབྱུང་རྩར་གྱུར་ཞིང་། 2016ལོ་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་ལ་སྣོད་བཅུད་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་32.2བྱུང་ནས་དུས་མཚུངས་ལས་11.6%འཕར་བ་དང་། སྣོད་བཅུད་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ཆེན་པོ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་437ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་39.3ཟིན་ནས་དུས་མཚུངས་ལས་24.2%དང་19.7%སོ་སོར་འཕར་བ་དང་། སྣོད་བཅུད་བཟང་པོ་དང་མཛེས་པའི་ཁོར་ཡུག་ལ་བརྟེན་ནས་ཞིང་འབྲོག་པ་མང་པོར་ཡུལ་སྐོར་གྱི་ཕན་འབྲས་ཐོབ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་བཟང་པོ་སྐྱེལ་རྒྱུ་བྱུང་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་དབུལ་སྒྲོལ་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2016ལོ་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་6550དོན་འཁྱོལ་བྱས་ནས་སྣོད་བཅུད་གཞན་སྒྱུར་གྱི་ལས་གནས་ཁྲི་2.18གསར་སྤེལ་བྱས་པས་ཞིང་འབྲོག་མང་ཚོགས་དང་ལྷག་དོན་དུ་མང་ཚོགས་དབུལ་པོར་སྣོད་བཅུད་སྲུང་སྐྱོང་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།