གྲོང་ཁྱེར་བཀོད་པ་ལེགས་སུ་བཏང་། སྔོ་ལྗང་ཡུལ་ལྗོངས་རབ་ཏུ་མཛེས་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-08-04 15:11:07

QQ截图20170804113424.png

——ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྐྱར་ཞིབ་ལས་དོན་བསུས་པའི་སྐོར་གྱི་སྒྲིལ་གླེང་།

འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་ཟུར་ཞིག་ཡིན་པ།

འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གཏོད་པའི་རྩ་འཛུགས་ཀྱི་འགན་སྲུང་མ་ལག་བརྟན་དུ་བཏང་བ།

2011ལོའི་ཟླ་བཅུ་པར་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་དམིགས་ཚད་གཏན་འཁེལ་བྱས་པ་ནས་བཟུང་། ཉིང་ཁྲིས“འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གཏོད་པའི”གོམ་པ་སྤོ་འགོ་ཚུགས་པ་རེད།

ལོ་བཞི་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད། 2015ལོའི་ཟླ་གསུམ་པར་ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཞུང་ལས་ཁང་གི་ཞིབ་དཔྱད་དང་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ། “རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཅིང་། དེ་ནི་བོད་ལ་གཟི་བརྗིད་མཚན་སྙན་ཐོབ་པའི་གྲོང་ཁྱེར་ཁག་དང་པོ་དེ་རེད། དེ་རྗེས་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོབ་པར་དཀའ་བའི་གཟི་བརྗིད་མཚན་སྙན་དེར་དེ་བས་གཅེས་འཛིན་བྱས་ཏེ་སྔ་ཕྱི་བར་གསུམ་དུ་འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཉེར་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་དང་ཆབས་ཅིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་བྱེད་པའི་ཚོད་ལྟ་དང་ཟུང་འབྲེལ་གྱིས་རྒྱུན་ཆད་མེད་པར་མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཕྱོགས་སུ་སྤེལ་བ་རེད།

2015ལོར་གྲུབ་འབྲས་ཐོན་པའི་ངང་རྒྱལ་ཁབ་གྱི་འཕྲོད་བསྟེན་གྲོང་ཁྱེར་བཏོད་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས“མིང་བྱང་ཐོབ་ཚེ་མདུན་སྐྱོད་ཀྱི་གོམ་པ་སྤོ་ཙམ་འཇོག་པའི”ལྟ་བ་མཐའ་གཅིག་ཏུ་དོར་ནས“གསར་གཏོད་ལ་འགོ་འཛུགས་པ་ལས་མཇུག་འགྲིལ་བ་མེད་པའི”བསམ་བློ་བརྟན་པོར་བཅངས་ཏེ་ལས་ཀར་ལྷོད་གཡེང་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ་བཅས་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་གྲུབ་འབྲས་བརྟན་དུ་བཏང་ཡོད།

རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་བ། གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དུས་ཐོག་ཏུ་ལེགས་སྒྲིག་བྱས་པས། ལས་ཀའི་གྲུབ་འབྲས་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་བྱས་ཡོད། ན་ནིང་ཟླ་བཅུ་གཉིས་པར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་ལས་དོན་བསུ་བའི་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་ལས་དོན་ལ་བསུ་བ་ཞུ་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

འགན་འཁྲི་དོན་འཁྱོལ་ཁ་གསལ་བཟོས་པ། 《ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་བྱ་ཐབས》དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས》《ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་ཀའི་འགན་འཁྲི་དང་དཔྱད་ཞིབ་བྱ་ཐབས》སོགས་ཀྱི་འབྲེལ་ཡོད་ཡིག་ཆ་སྔ་རྗེས་སུ་བཟོས་ནས་བཏོན་པ་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། ཁོངས་མིའི་ཚན་པས་གཞོགས་འདེགས་དམ་ཟབ་བྱས་པ། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

འགྲོ་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། 2015ལོ་ཚུན་རིམ་པ་ཁག་དང་རིགས་ཁག་གི་ནོང་སྲིད་ཀྱིས་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ལས་དོན་ལ་སྒོར་དུང་ཕྱུར་6.5བཏང་བས་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད།

སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཞུང་དོན་ཁང་དང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱི་གཙོ་གནད་ཁོངས་མིའི་ཚན་པས་སྤྱིར་ན་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་གྱི་ཐད་སྦྲེལ་ཁ་པར་བཙུགས་པ་དང་། མང་ཚོགས་ཀྱི་ཞུ་གཏུག་སྣ་ཚོགས་88ཙམ་བདག་སྤྲོད་བྱས་པ། གནད་དོན་ཐག་གཅོད་བྱེད་ཚད་དང་ལན་སློག་ཚད་98.5%ཟིན་པ། མང་ཚོགས་ཀྱིས་གྲོང་ཁྱེར་བསྐྲུན་ཁུལ་གྱི་འཕྲོད་བསྟེན་གནས་ཚུལ་ལ་བློ་ཡིད་ཚིམ་ཚད་90.3%ཟིན་ཡོད།

འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་བཏང་བ།

ཉེ་བའི་ལོའི་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་འཕྲོད་བསྟེན་བདེ་ཐང་རྨང་གཞི་དང་། གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན། ཁོར་ཡུག་ལེགས་གཏོང་རིམ་སྤོར་བཅས་ཀྱི་འདུ་འགོད་ཆེན་པོ་གསུམ་ལག་ལེན་ཤུགས་ཆེན་བསྟར་བས། གྲོང་ཁྱེར་གྱི་བཀོད་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་སོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་བག་ཕེབས་སུ་ཕྱིན་ཡོད།

འཕྲོད་བསྟེན་བདེ་ཐང་གི་རྨང་གཞིའི་འདུ་འགོད་ལག་ལེན་བསྟར་བ། རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། མ་བུ་འཕྲོད་སྦྱོར་སྨན་ཁང་གི་ནད་སྡོད་ཁང་། ནད་ཡམས་སྔོན་འགོག་ལྟེ་གནས་ཀྱི་ཚོད་ལྟའི་ཐོག་ཁང་། བོད་སྨན་སྦྱོར་རྟ་ལྟེ་གནས་སོགས་འཕྲོད་བསྟེན་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང་54ཡི་ལས་སྒོའི་ཁང་པ་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་ཡུལ་མིའི་བདེ་ཐང་གི་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། ལས་ཀའི་བྱ་ཐབས་བཅས་ཁ་གསལ་བཟོས་པ། སྨན་བཅོས་འཕྲོད་བསྟེན་གྱི་བྱ་དགའ་ལྕག་སྐུལ་མ་དངུལ་སྒོར་ཁྲི་700སྤྲད་ནས་རྒྱ་ཆེའི་སྨན་དོན་མི་སྣའི་ལས་ཀའི་ཧུར་སེམས་སྐོང་འཐེན་བྱས་པ་རེད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་ཁྱོན་བསྡོམས་རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་81ཡོད་པ་དང་། ལས་ཐོག་འཕྲོད་བསྟེན་མི་སྣ་1247ཡོད་པ། སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་བཙུགས་པར་ཁྱོན་གྲོང་ཚོའི་སྨན་པ་978ཡོད་པ་བཅས་ཁྱབ་ཚད་100%ཟིན་ཡོད།

གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་བ། 2015ལོ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། མ་དངུལ་སྒོར་ཁྲི་5000འཚོ་བའི་གད་སྙིགས་གཙང་སེལ་བྱ་ཡུལ་བསྐྱར་སྐྲུན་དང་རྒྱས་སྐྲུན་ལ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བྱེད་ཚད་95%ཟིན་ཡོད།

མིག་སྔར། གྲོང་ཁྱེར་བསྐྲུན་ཁུལ་གྱི་སྔོ་གྱུར་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་531.85ཟིན་ནས་སྔོ་འགྱུར་ཁེབས་ཚད་46.25%ཟིན་པ་དང་། གྲོང་ཁྱེར་གྱི་སྤྱི་པའི་སྔོ་འགྱུར་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་236.95ཟིན་པ་དེས་མི་རེའི་ཆ་སྙོམས་ཀྱི་སྤྱི་པའི་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་43.08བཟུང་བ་དང་མི་རེའི་ཆ་སྙོམས་ཀྱི་སྤྱི་གླིང་གི་ན་ཁའི་རྒྱ་ཁྱོན་སྨི་ངོས་གྲུ་17.84ཟིན་ནས་སྔོ་འགྱུར་མཛེས་འགྱུར་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

སྐྱོན་བྲལ་ཉིང་ཁྲི་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་བ།

འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ཚང་མ་ཞུགས་པ་དང་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱས་ཤིང་། “རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་དམངས་ཡོངས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་དམིགས་ཡུལ་དུ་བྱེད་པ་དང་། རིམ་པ་མང་བ་དང་། བྱེད་ཐབས་མང་བ། ཕྱོགས་ཡོངས་བཅས་ཀྱི་སྐྱོན་བྲལ་སློབ་གསོ་དང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ། མང་ཚོགས་ལ་ཁྲིད་སྟོན་གྱིས་གོམས་སྲོལ་བསྒྱུར་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་གཏོད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་རང་འགུལ་ངང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་དམངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།

འཕྲོད་བསྟེན་དྲིལ་བསྒྲགས་ལས་དོན་རྒྱ་ཁྱབ་ངང་གཏིང་ཟབ་སྤེལ་ཞིང་། 2015ལོ་ཚུན་གྲོང་ཁྱེར་ཡོངས་ཀྱིས་བདེ་ཐང་གི་ཤེས་བྱ་སྣ་ཚོགས་དང་ནད་གཞི་འགོག་བཅོས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་རིགས་26སྒྲིག་བཟོ་བྱས་པ་དང་། དྲིལ་བསྒྲགས་བྱེད་སྒོ་ཐེངས་791སྤེལ་བ། བདེ་ཐང་དང་ནད་གཞི་འགོག་བཅོས་ཀྱི་ཤེས་བྱའི་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཀྱི་ལག་རྟགས་ཆུང་ངུ་ཁྲི་39ལྷག་ཙམ་སྤྲད་པ། འགྲེམས་པང་དང་དྲིལ་བསྒྲགས་སྒྲོམ་821བཙུགས་པ། མི་ཐེངས་ཁྲི་30ལྷག་ཙམ་ལ་སློབ་གསོ་ཐེབས་ནས་མི་ཚང་མས་འཕྲོད་བསྟེན་ལ་དོ་ཁུར་དང་། རྒྱབ་སྐྱོར། དེར་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།