​ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་སྐོར་གྱི་གནས་ཚུལ་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2017-07-26 15:19:46

QQ截图20170726151258.png

འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་ཚོའི་བོད་རིགས་དང་རྒྱ་རིགས་ལས་བྱེད་པས་ཏེང་པ་བའི་མང་ཚོགས་ལ་རྒྱ་བྲ་བསྡུ་རོགས་བྱེད་པའི་གནས་ཚུལ་ཡིན་པ།

ཉིང་ཁྲི་གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་དང་དེ་བཞིན་ཞིང་ནང་དང་མུ་ཁ་གང་དུ་བསྐྱོད་ཀྱང་ཡིད་དུ་འོང་བའི་མཛེས་ལྗོངས་དང་། ཞི་མཐུན་གྱི་འོད་ཟེར། འབད་འབུངས་ཀྱི་རྣམ་པ་བཅས་མཐོང་རྒྱུ་ཡོད།

ལོ་རྒྱུས་ཡུན་རིང་ལྡན་ལ་ངོ་མཚར་ཆེ་བའི་ཉིང་ཁྲིའི་ས་གཞི་ཆེན་པོ་དེའི་སྟེང་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ནུའུ་རིགས། མོན་པ་རིགས། ལྷོ་པ་རིགས། ཏུའུ་ལུང་རིགས། འཇང་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས་སོགས་མི་རིགས་10ལྷག་ཙམ་དང་ཏེང་པ་བ་འཚོ་སྡོད་བྱེད་ཀྱི་ཡོད།

གྲོང་ཁྱེར་དེ་ཡོངས་ཀྱི་མཐའ་མཚམས་ལམ་ཐིག་རིང་བ་དང་མི་རིགས་མང་བའི་ཁྱད་ཆོས་ལ་དམིགས་ནས་དུས་ཡུན་རིང་པོའི་ནང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང“མཐའ་སྐྱོང་བོད་བརྟན”གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མི་རིགས་ཁག“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་དང“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”སྙིང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ཏེ“མོས་སེམས་ལྔ”ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་དང་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། རྒྱལ་ཁབ་བདེ་འཇགས་དང་གཅིག་གྱུར། མེས་རྒྱལ་དར་རྒྱས་གོང་འཕེལ་ལ་སྐུལ་གཏོང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་ཀྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ནས། མི་རིགས་མཐུན་སྒྲིལ་ཆེ་མོའི་འདུ་ཤེས་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཅངས་ཏེ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་འཕེལ་རྒྱས་བཅས་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་པ་རེད།

“སྤྱི་ལེ་ངོས་གྲུ་ཁྲི་11.7དང་། མཐའ་སྲུང་ལམ་ཐིག་སྤྱི་ལེ་1000 ལྷག་ཙམ། མི་འབོར་ཁྲི་23བཅས་ཡོད་པ་དང་མི་རིགས་མང་པོ་མཉམ་དུ་འདྲེས་པའི་མཐའ་མཚམས་ས་ཁུལ་དེར‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེར་ཆེས་དམིགས་བསལ་དང་ནུས་པ་གལ་ཆེན་ལྡན་ཡོད། མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་མཛའ་གྲོགས་དང་ཕན་ཚུན་རོགས་རེས་ཀྱི་རྣམ་པའི་ཁྲོད་གཞི་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་ཐུབ”འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་རེད།

རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོ་ནི་ལི་སུའུ་རིགས་དང་། ནུའུ་རིགས། ཏུའུ་ལུང་རིགས། པའེ་རིགས། བོད་རིགས་བཅས་འདུས་སྡོད་བྱེད་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོ་ཡོངས་སུ་དུད་ཚང་77དང་མི་420ལྷག་ཙམ་ཡོད། ཁོང་ཚོས་ཏང་དར་འོག་གོང་བུ་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་དམ་ཟབ་དང་། ཕྱར་བ་གྲུ་འདེགས། བློ་གཅིག་སེམས་གཅིག་བཅས་བྱས་ཏེ་མི་རིགས་ཀྱི་མཛའ་གཅུགས་ཟབ་མོ་ཆགས་ཡོད། ཁོང་ཚོས“མཐུན་སྒྲིལ་བྱས་ཚེ་གཞི་ནས་སྟོབས་ཤུགས་ལྡན་པ་དང་ཁྱིམ་ཚང་འཆམ་མཐུན་བྱུང་ཚེ་གཞི་ནས་བྱ་བ་མཐའ་དག་དར་རྒྱས་ཡོང་ཐུབ” “མི་རིགས་གང་ཞིག་ཡིན་རུང་ཚང་མ་གཅེན་གཅུང་ལྟར་ཡིན་པ་དང་ཚང་མ་ཁྱིམ་ཚང་གཅིག་ལྟར་ཕན་ཚུན་ཁ་འབྲལ་ཐབས་མེད”ཅེས་ཤོད་ཀྱི་ཡོད།

རྫ་ཡུལ་རྫོང་གི་གངས་རི་དཀར་པོའི་ཆུའི་ལྷོ་ངོགས་སུ་གནས་པའི་རྫ་ཡུལ་རོང་སྟོད་གྲོང་རྡལ་ཞེད་པ་གྲོང་ཚོ་ནི“རྫ་ཡུལ་རྫོང་གི་སྒོར་ཁྲིའི་གྲོང་ཚོ་དང་པོ་ཡིན་པ་དང་། དེ་གར་ལྷོ་པ་དང་། བོད་རིགས། རྒྱ་རིགས། ཏུང་རིགས། ཏེང་པ་བ་བཅས་ཀྱི་དུད་ཚང་19དང་མི་60ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཅིན་ཅན(ལྷོ་པ)ནི་གྲོང་ཚོ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རེད། ཅིན་ཅན་ལ་གཅེན་གཅུང་7ཡོད་པ་དང་དེའི་ནང་གཅེན་གཅུང་གསུམ་གྱི་བཟའ་ཟླ་རྒྱ་རིགས་དང་གསུམ་གྱི་བཟའ་ཟླ་བོད་རིགས་ཡིན་པས་དེ་ནི་མི་རིགས་ཁྱིམ་ཚང་ཆེ་མོ་འཁྲུལ་མེད་ཅིག་རེད། དེའི་ནང་ཅིན་ཅན་གྱི་བཟའ་ཟླ་ཕེང་ཏེ་ཡུན་ནི་སི་ཁྲོན་མའེ་ཧྲན་བ་རེད”ཅེས་རྫ་ཡུལ་རྫོང་དྲ་འཕྲིན་གཞུང་དོན་ཁང་གི་ལས་བྱེད་པ་ཝང་ལན་གྱིས་ངེད་ཚོར་ངོ་སྤྲོད་བྱས།

2004ལོའི་ཟླ་7པར་ལོ་33ལ་སླེབས་པའི་ཅིན་ཅན་ཞེད་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་དང་ཁོང་གིས“རེ་ཞིག་རང་ཉིད་ལ་སྔར་བྱུང་མྱོང་མེད་པའི་གནོན་ཤུགས་ཤིག་ཕྲད་བྱུང”ཞེས་བཤད་པ་དང“ངའི་བཟའ་ཟླ་ཕེང་ཏེ་ཡུན་གྱི་རྒྱབ་སྐྱོར་འོག་དུས་མཚམས་ཤིག་རིང་སློབ་སྦྱོང་དང་སྦྱོང་བརྡར་བརྒྱུད་ངས་མགྱོགས་མྱུར་ལས་སྒོ་འཕེར་ཐུབ་པ་བྱུང་ནས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་བྱུང”ཞེས་བཤད། དུས་དེ་ནས་བཟུང་ཁོང་གི་སྣེ་ཁྲིད་འོག་ཞེད་པ་གྲོང་ཚོས《གྲོང་དོན་དང་ནོར་དོན་ཡོངས་བསྒྲགས་ལམ་ལུགས》དང《ཞེད་པ་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས》སོགས་སྒྲིག་སྲོལ་ལམ་ལུགས་ཁག་10བཟོས་པ་དང་འབྲེལ་གྱང་ལྡེབས་སུ་སྦྱར་ནས་ཡོངས་བསྒྲགས་བྱས་པ་རེད། 2004ལོའི་ལོ་མཇུག་ཏུ་ཞེད་པ་གྲོང་ཚོ་རྫ་ཡུལ་རྫོང་གི་གྲོང་དོན་ནོར་དོན་ཡོངས་བསྒྲགས་བྱེད་མཁན་གྲོང་ཚོ་དང་པོར་གྱུར་ནས་སྔོན་ཆད་ཀྱི་དོ་དམ་ཟང་ཟིང་དང་མི་སེམས་ལྷོད་གཡེང་གི་སྣང་ཚུལ་ལ་འགྱུར་ལྡོག་ཕྱིན་ཞིང“གྲོང་ཚོ་ཨུ་ལྷན་གཉིས”ཚན་ཁག་གི་དབང་གྲགས་ཀྱང་བཏོད་པ་རེད། གྲོང་མི་ཚོས་མཐེ་བོང་སྒྲེང་བཞིན་དུ“དེ་སྔ་ང་ཚོས་གྲོང་ཚོར་ལས་དོན་གང་ཞིག་སྤེལ་བ་དང་དངུལ་གང་དུ་སྤྱད་པ་གཏན་ནས་ཤེས་ཀྱི་མེད། ཅིན་ཅན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་རྗེས་ང་ཚོས་གནད་དོན་དེ་དག་གསལ་པོ་ཤེས་པ་མ་ཟད། ཁོང་དང་མཉམ་དུ་ལས་དོན་སྤེལ་འདོད་ཀྱང་བྱུང”ཞེས་ཇི་མ་ཇི་བཞིན་དུ་བཤད།

བཅར་འདྲི་བྱེད་རིང་གསར་འགོད་པར་ཞེད་པ་གྲོང་ཚོའི་ཞིང་ལས་བྱེད་མཁན་ཚང་མ་བུད་མེད་ཡིན་པ་མ་ཟད། རྟག་ཏུ་མཉམ་དུ་ངལ་རྩོལ་བྱེད་པ་མཐོང་བྱུང་། འདི་ལོ་ལོ་46ལ་སླེབས་པའི་ཅིན་ཅན་གྱིས་གསར་འགོད་པ་ཐེ་ཚོམ་སྐྱེ་བ་མཐོང་ནས་གད་མོ་དགོད་བཞིན་དུ“ངེད་ཚོའི་གྲོང་ཚོར་བུད་མེད་ཀྱིས་ཁྱིམ་འཛིན་གྱི་ཡོད”ཅེས་བཤད་པ་དང་དེ་རྗེས་ཁོང་གིས་གྲོང་ཚོ་ཡོངས་སུ་དུད་ཚང་19དང་མི་60ལྷག་ཙམ་ལས་མེད། སྐྱེས་པ་ཚོ་ཕལ་ཆེ་བ་ཕྱི་ཕྱོགས་སུ་གླ་པ་རྒྱུག་པ་དང་ཚོང་རྒྱག་པར་ཕྱིན་ནས་ཁྱིམ་དུ་ངལ་རྩོལ་བྱེད་མཁན་བུད་མེད་ལས་ལྷག་མེད། སྔོན་ཆད་སོ་སོའི་ལས་ཀ་སོ་སོས་བྱེད་ཀྱི་ཡོད་པ་དང་ངལ་རྩོལ་ནུས་ཤུགས་མ་འདང་བའི་རྐྱེན་གྱིས་ལས་ཕྱོད་ཀྱང་ཆེན་པོ་མེད། གནད་དོན་དེ་ཐག་གཅོད་བྱ་ཆེད་ཁོང་གིས་གྲོང་ཚོ་ཡོངས་ཀྱི་བུད་མེད་སྒྲིག་འཛུགས་བྱས་ནས་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ། ཅིན་ཅན་གྱིས“དེར་ཁེར་རྐྱང་གཉེར་སྐྱོང་དང་མཉམ་སྡེབ་ངལ་རྩོལ་ཞེས་བརྗོད”ཅེས་བཤད་པ་དང་ལྷག་པར་དུ་དཔྱིད་འདེབས་དང་སྟོན་བསྡུའི་ཞིང་བྲེལ་སྐབས་སུ་མཉམ་སྡེབ་ངལ་རྩོལ་བྱེད་སྟངས་དེས་ངལ་རྩོལ་ལས་ཕྱོད་ཆེན་པོ་བྱུང་བ་མ་ཟད། དབུལ་པོ་དང་ནད་པ་ཡིན་པའི་ཁྱིམ་ཚང་རེ་གཉིས་ལ་རོགས་སྐྱོར་ཐུབ་ཀྱི་ཡོད།

ཝང་ལན་གྱིས་གསར་འགོད་པར“མཐུན་སྒྲིལ་ནི་ཞེད་པ་གྲོང་ཚོའི་མཉམ་སྡེབ་ངལ་རྩོལ་ལས་མངོན་པ་མ་ཟད། ད་དུང་གྲོང་ཚོར་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱེད་པ་ལས་ཀྱང་མངོན་གྱི་ཡོད”ཅེས་བཤད་པ་དང་ཅིན་ཅན་དང་ཁོང་གི་བཟའ་ཟླ་ཕེང་ཏེ་ཡུན་གྱིས་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་ཆེན་པོ་བྱས་ཏེ་དུད་ཚང་རེ་རེ་བཞིན་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་ནུས་པས་ལྕོགས་ཚོད་ཀྱིས་ཁོང་ཚོར་རོགས་རམ་བྱེད་པ་མ་ཟད། ད་དུང་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྐུལ་སློང་བྱས་ནས་དུད་ཚང་དབུལ་པོར་རོགས་རམ་བྱེད་པ་དང་། རོགས་རམ་བྱེད་ཐབས་བྲལ་བར་དུས་ཐོག་ཏུ་གྲོང་རྡལ་ལ་སྙན་སེང་ཞུས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་ཀྱི་ཡོད།

ཅིན་ཅན་གྱི་གཅུང་མོ་ལྔ་པའི་བཟའ་ཟླ་ཝུའེ་ཁྲུན་ཧའེ་ཡིས་གསར་འགོད་པར་དེ་སྔ་ཞེད་པ་གྲོང་ཚོ་ས་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་མང་ཚོགས་ཀྱིས་ཞིང་འདེབས་པ་དང་རི་སྐྱེས་རྩི་ཤིང་འཐུ་བ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཅིན་ཅན་གྱིས་ཁེངས་སྐྱུང་ངང་ཁོང་ཚོ་དང་དེ་མིན་ནང་ས་ནས་ཞེད་པ་གྲོང་ཚོར་མག་པར་སླེབས་པའི་རྒྱ་རིགས་གཉིས་ནས་འདེབས་འཛུགས་གསོ་སྤེལ་ལག་རྩལ་སྦྱངས་རྗེས་གྲོང་མི་གཞན་དག་ལ་དམར་ཁྲིད་བྱས་པ་དང་དུས་མཚུངས་མང་ཚོགས་ཀྱི་སྣེ་ཁྲིད་ནས་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་དང་། རི་ཁུལ་ནས་ཕྱིར་བསྐྱོད་དེ་དངུལ་ཁང་ནས་དངུལ་བུན་གཡར་བ་དང་། ཕྱིར་བསྐྱོད་ནས་ལས་ཀ་བྱེད་པ། མ་དངུལ་མཉམ་བསྡུ་སོགས་ཀྱི་བྱེད་ཐབས་བརྒྱུད་མ་དངུལ་གྲབས་གསོག་ཧུར་ཐག་བྱས་པ་དང་། ལྷོ་པའི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་སོགས་ཤང་གྲོང་དང་རྫོང་གྲོང་དུ་བཙུགས་ཏེ་མང་ཚོགས་ཀྱི་ཡོང་འབབ་ཉིན་རེ་བཞིན་འཕར་ཡོད། ད་ཆ་ཞེད་པ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1200ལྷག་ཙམ་ཟིན་གྱི་ཡོད།

ཉིང་ཁྲིའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་ལ་ཞི་མཐུན་ཡིན་པ་དང་སྲ་ཞིང་བརྟན་པའི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ནི་རྡོ་ཁབ་ལེན་ཆེན་པོ་ཞིག་དང་འདྲ་བར་ནང་སའི་འཇོན་ཐང་ཅན་ཁྱུ་དང་ཁྱུ་འདི་གར་མ་འཇོག་ལས་དར་བྱ་རྒྱུའི་ཡིད་དབང་བཀུག་ནས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་ཉིང་ཁྲི་སྐྲུན་གྱི་ཡོད། ཧྥན་ཅིང་ཧྥང་དང་བཟའ་ཟླ་ཝུའུ་ཡུང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།

2014ལོའི་ཟླ་8པའི་སྟོན་དུས་སུ་རྡོག་ཁྲེས་ཁུར་ནས་ཡོང་མཁན་ཡུལ་སྐོར་བ་ཧྥན་ཅིང་ཧྥང་དང་བཟའ་ཟླ་གླང་མདོ་གྲོང་ཚོར་སླེབས་རྗེས་དེ་གའི་རི་སྔོ་ཆུ་དྭངས་དང་རི་མོ་ལྟར་མཛེས་པའི་མཛེས་ལྗོངས་ལ་ཡིད་དབང་རབ་ཏུ་འཕྲོག་པ་མ་ཟད། གླང་མདོ་གྲོང་ཚོའི་གཞུང་དྲང་ཞིང་བབ་ཆགས་པ་དང་སེམས་པ་བཟང་བའི་བོད་རིགས་མང་ཚོགས་དང་དེ་བཞིན་མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པས་ཡིད་དབང་བཀུག་ནས་དེ་གར་འཚོ་བ་བསྐྱལ་ཏེ་གླང་མདོ་གྲོང་ཚོའི་ཡུལ་མི་དང་མཛའ་གཅུགས་ཟབ་མོ་ཆགས་ཡོད།

སློབ་ཆེན་ཐོན་རྗེས་ཧྲེན་ཀྲེན་དང་ཡུན་ནན་དུ་ལོ་མང་ལས་ཀ་བྱེད་མྱོང་བའི་ཧྥན་ཅིང་ཧྥང་དང་བཟའ་ཟླས་ཉམས་མྱོང་བཟང་པོར་བརྟེན་ནས་གླང་མདོ་གྲོང་ཚོར་ཚོང་ལས་ཀྱི་གོ་སྐབས་ཡོད་པ་ཤེས། དེ་རྗེས་ཁོ་གཉིས་ཀྱིས་གླང་མདོ་གྲོང་ཚོའི་བདེ་སྡོད་ལས་གྲྭའི་ཁང་པ་རྙིང་པ་ཉོས་ཏེ་ལོ་ལྟར་སྒོར་ཁྲི་1གི་རིན་གོང་ནས་གྲོང་མི་དང་ལོ་20ཡི་བོགས་མ་གཏོང་ལེན་གྱི་གན་རྒྱ་བཞག ཆུ་འགྲམ་གྱི་ཤིང་སྡོང་དང་ཤིང་རྩས་མཛེས་བཟོ་དང་། རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་ནང་ཆས་དང་རྒྱན་ཆ་བཟོས་ཏེ་མི་རིགས་ཀྱི་ཉམས་འགྱུར་ཇི་མ་ཇི་བཞིན་གནས་ཐུབ་པ་བྱས་ནས་མུའུ་10དང་ཁང་མིག་12ཡོད་པའི“ས་ཆ་ཞིག་བཙལ་ནས་སྡོད”ཅེས་མིང་བཏགས་པའི་འགྲུལ་ཁང་ཞིག་བཙུགས་པ་དང་། འགྲུལ་ཁང་ཚོང་གཉེར་བྱས་པའི་ལོ་དང་པོ་ཁོ་ནར་ཡོང་འབབ་སྒོར་ཁྲི་14རག་པ་མ་ཟད། ད་དུང་རླངས་འཁོར་འགན་གཙང་གཏོང་བའི་ལས་སྒོ་ངོ་སྤྲོད་བྱས་པ་བརྒྱུད་ཉེ་འཁོར་གྲོང་མི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་རེད།

ཧྥན་ཅིང་ཧྥང་དང་བཟའ་ཟླར་འབབ་འཕར་བྱུང་བ་དང་ཆབས་ཅིག་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱས་པ་སྟེ“ས་གནས་དེ་གའི་མང་ཚོགས་མང་པོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་ཆེན་པོ་ཡོད་མོད། འོན་ཀྱང་བསམ་བློ་གཏོང་སྟངས་དང་རང་ངོས་ཀྱི་རྩལ་ནུས་མི་འདང་བར་བརྟེན་ཐབས་ཤེས་བཟང་པོ་རྙེད་ཀྱི་མེད་པ་མ་ཟད། ཚོང་ཡག་པོ་རྒྱག་ཤེས་ཀྱི་མེད། རང་ཉིད་ཁོ་ན་ཡོང་འབབ་གསོག་པ་ལས་ཚང་མའི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ་དགའ་བསམས་ནས”ཁོ་གཉིས་ཀྱིས་འགྲུལ་ཁང་དོ་དམ་དང་བཟའ་བཏུང་ཞབས་ཞུ་གྲོང་མིར་རྩིས་སྤྲད་པ་དང་། རང་ཉིད་ཀྱིས་གཉེར་སྐྱོང་འདུ་ཤེས་དང་། ཞབས་ཞུའི་རྩལ་ནུས། དོ་དམ་ཤེས་བྱ་བཅས་ཁོང་ཚོར་དམར་ཁྲིད་བྱས་ནས་ཁྱིམ་ཚང་མགྲོན་ཁང་གི་དོ་དམ་ཞབས་ཞུའི་འཇོན་ཐང་ཅན་ཁག་གཅིག་སྐུལ་ཁྲིད་བྱས་ནས་འགྲུལ་ཁང་ཡང་སྨི་ངོས་གྲུ་1000ལྷག་ཙམ་དང་ཁང་མིག་20བར་རྒྱ་སྟོབས་ཆེ་རུ་བཏང་ཡོད།

དེ་ལྟར་གྲོང་མིའི་འདུ་ཤེས་ལ་འགྱུར་ལྡོག་སོང་བ་དང་བསམ་ཕྱོགས་ཀྱང་ལེགས་སུ་སོང་ནས“ཕྱིར་བསྐྱོད་དེ་གླ་པ་བྱེད་པ་ལས་ལམ་ཐག་ཉེ་ས་དང་ཕ་ཡུལ་དུ་ལས་གཏོད་བྱས་ན་དགའ་སྙམ་ཡོད” ཚང་མས་གཅིག་རྗེས་གཉིས་མཐུད་ངང་གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཞུགས་པ་དང་མཉམ་དུ་གཉེར་བའི་རེ་བ་བཏོན་པས་ཧྥན་ཅིང་ཧྥང་གིས་དགའ་སྤྲོའི་ངང་མོས་མཐུན་བྱས། གྲོང་ཚོ་ཡོངས་ཀྱི་དུད་ཚང་49དང་ཧྥན་ཅིང་ཧྥང་གིས་དུད་ཚང་རེས་སྒོར་ཁྲི་1བཏང་ནས་ཁྱོན་སྒོར་ཁྲི་50གྲབས་གསོག་བྱས་རྗེས་སླར་ཡང་འགྲུལ་ཁང་གསར་པ་1བསྐྲུན་པ་དང་། “ས་ཆ་ཞིག་བཙལ་ནས་སྡོད”ཅེས་པའི་སྒོ་བྱང་བཀལ་ཏེ་ཧྥན་ཅིང་ཧྥང་གིས་ཨར་སྐྲུན་དང་མཛེས་བཟོའི་ཇུས་གཞི་དང་ཚོང་གཉེར་བྱེད་ཐབས་བཟོས་ནས་གྲོང་ཚོར་རིག་གནས་ཡོད་པའི་གཞོན་ནུས་སློབ་སྦྱོང་དང་དོ་དམ་བྱེད་པར་ཞུགས་ཏེ“ས་ཆ་ཞིག་བཙལ་ནས་སྡོད”ཅེས་པའི་འགྲུལ་ཁང་གསར་པ་དེ་གྲོང་མིས་རང་བརྟེན་གཉེར་སྐྱོང་དང་། རང་བརྟེན་དོ་དམ། ཐོབ་ཆ་མཉམ་སྤྱོད་བཅས་བྱས་ཡོད། དེའི་ཐད་གླང་མདོ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་མྱོང་ཚོར་ཟབ་མོས“མི་རིགས་ཁག་གི་གཅེན་གཅུང་མཐུན་སྒྲིལ་དམ་ཟབ་བྱས་ཚེ་ང་ཚོའི་ཕ་ཡུལ་དང་ང་ཚོའི་མེས་རྒྱལ་འཛུགས་སྐྲུན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་ཐུབ་ལ་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན”ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།