ཆུ་ཤུར་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་དཔེ་སྟོན་རྫོང་དུ་བསྐྲུན་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2015-04-14 15:37:44

ཉེ་ཆར་གསར་འགོད་པར་ཆུ་ཤུར་རྫོང་ནས་ཤེས་རྟོགས་བྱུང་བར།ན་ནིང་ཆུ་ཤུར་རྫོང་གི་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་མགྱོགས་པའི་རྣམ་པ་ཞིག་རྒྱུན་འཁྱོངས་ཐུབ་ཅིང་།ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་།མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་བྱུང་བ།སྣོད་བཅུད་ཁོར་ཡུག་རྒྱུན་མི་ཆད་པར་ཡག་ཏུ་ཕྱིན་པ།ཏང་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ།བསམ་བློ་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་བྱུང་ནས་སྔོན་གཏན་འཁེལ་བའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོ་ཆུ་ཤུར་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན།ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་ཇུས་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ།རྒྱུན་རྣམ་གསར་པར་ངོས་འཛིན་དང་།འཚམ་མཐུན།སྣེ་ཁྲིད་བཅས་བྱེད་པ།མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ནི་ལས་ཀའི་འབད་འཐབ་དམིགས་ཚད་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ།“བརྟན་ཐོག་ཡར་འཕེལ་”གྱི་ལས་ཀའི་རྩ་བའི་དགོངས་གཞི་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དང་།ཞིང་ལས་གསར་པ།ཞིང་པ་གསར་པ་བཅས་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱེད་སར་བྱེད་པ་བཅས་ཀྱི་ཐོག་ལྷ་ས་གྲོང་ཁྱེར་གྱི“འཐབ་ཇུས་ཆེན་པོ་དྲུག”ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཆུ་ཤུར་རྫོང་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་དཔེ་སྟོན་རྫོང་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་རེད།

བརྟན་ལྷིང་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་།ཆུ་ཤུར་རྫོང་གིས་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་རྣམ་པ་གང་ལེགས་སྤྱད་དེ་སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།ཁེ་ཕན་གྱི་འབྲེལ་བ་སྙོམས་སྒྲིགསྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར།སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད།སྤྱི་ཚོགས་ཀྱི་འགལ་བ་སེལ་བ།མུ་མཐུད་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་།ཁྲིམས་ལུགས་ལྟར་དགོན་པར་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ་དང་དགོན་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ།མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་གཏོང་བ།སློབ་གྲྭར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བ།འགྲོ་ལམ་འགྲིམ་འགྲུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱ་རྒྱུ་རེད།

ཐོན་ལས་དམ་འཛིན་བྱས་ནས་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ཡིན་ཞིང་།ཆུ་ཤུར་རྫོང་གིས་ཀྲུང་དབྱང་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ས་གཙང་གནོད་མེད་ཐོན་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།མ་དངུལ་དང་ཚན་རྩལ་གྱི་གཏོང་ཆ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་རིམ་སྤོར་མགྱོགས་པོ།སོན་གསར་འདེབས་འཛུགས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་སྣ་མང་ཅན་དང་གཞི་ཁྱོན་ཅན་དུ་རིམ་བཞིན་འགྱུར་བ་བྱ་རྒྱུ་དང་ཆུ་ཤུར་གྱི་ས་གཙང་གནོད་མེད་ཐོན་ལས་ཀྱི་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས“ཐོན་ལས་དང་པོས་ཁྱད་ཆོས་དམ་འཛིན་བྱེད་པ་དང་།ཐོན་ལས་གཉིས་པས་ལས་སྣོན་དམ་འཛིན་བྱེད་པ།ཐོན་ལས་གསུམ་པས་ཉམས་ལེན་དཔལ་འབྱོར་དམ་འཛིན་བྱེད་པ”བཅས་ཀྱི་ཆུ་ཤུར་གྱི་ས་གཙང་གནོད་མེད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱ་རྒྱུ་རེད།

དམངས་འཚོར་དམ་འཛིན་བྱས་ནས་ཞི་མཐུན་གསར་གཏོད་བྱ་རྒྱུ་ཡིན་ཞིང་།ཆུ་ཤུར་རྫོང་གིས་ཞི་མཐུན་ཆུ་ཤུར་དང་བདེ་སྐྱིད་ཆུ་ཤུར་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་།ཐོག་མཐའ་བར་གསུམ་དུ་དམངས་འཚོར་འགན་ལེན་བྱ་རྒྱུ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ།མི་དམངས་ཀྱི་ཁེ་ཕན་མཚོན་པར་བྱ་རྒྱུ་དང་།མི་དམངས་ཀྱི་བསམ་འདུན་གོང་ཞུ་བྱ་རྒྱུ།མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ།མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་བཅས་ཁྲིམས་ལུགས་ལྟར་རྫོང་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ།“ལས་རིགས་བཞི་ཡི་འདུ་འགོད”ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།སྤྱི་ཚོགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ།གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་པོ་ཞིག་རྫོང་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དྲང་སྙོམས་ངང་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་རེད།

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་ཞིང་།ཆུ་ཤུར་རྫོང་གིས་ལྷ་ས་གྲོང་ཨུད་ཀྱི“ཏང་འཛུགས་གྲོང་འདོམས”འཐབ་ཇུས་ལ་དམ་པོར་དམིགས་ཏེ་སྲིད་འཛིན་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་།ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱེད་སར་བྱེད་པ།“དམ་ནན་གསུམ་དང་དྲང་བདེན་གསུམ”དང“བློ་དཀར་དང་།གཙང་དགཐེག་ཁུར”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གཞི་རྟེན་དུ་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་རྒྱུན་མི་ཆད་པར་གཏོང་རྒྱུ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།ཏང་གི་སྲོག་ཤིང་འགོ་ཁྲིད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ།བྱང་ཚད་མཐོ་བའི་སྲིད་འཛིན་རྐང་འཛིན་དཔུང་ཁག་ཅིག་འཛུགས་སྐྲུན་ཧུར་ཐག་བྱས་ནས་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།