སྙེ་མོ་རྫོང་གི་ཐོན་པ་མཛེས་ལྗོངས་ཁུལ་དེ་རྒྱལ་ཡོངས་ཀྱི་དམིགས་བསལ་མཛེས་ ལྗོངས་ཡུལ་སྐོར་གྲགས་ཅན་གྲོང་རྡལ་དང་གྲགས་ཅན་གྲོང་ཚོའི་ནང་ཚུད་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2015-09-18 10:48:48

ཉིན་ཤས་གོང་།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རང་རྒྱལ་གྱི་ཁག་གསུམ་པའི་རྒྱལ་ཡོངས་དམིགས་བསལ་མཛེས་ལྗོངས་ཡུལ་སྐོར་གྲགས་ཅན་གྲོང་རྡལ་དང་གྲགས་ཅན་གྲོང་ཚོའི་དཔེ་སྟོན་མིང་ཐོ་337ཁྱབ་བསྒྲགས་བྱས་པའི་ནང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་མཛེས་ལྗོངས་ཁུལ་ཚུད་ནས་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་དམིགས་བསལ་མཛེས་ལྗོངས་ཡུལ་སྐོར་གྲགས་ཅན་གྱི་གྲོང་རྡལ་དང་གྲགས་ཅན་གྲོང་ཚོ་དང་པོ་དེར་གྱུར་ཡོད།

སྙེ་མོ་རྫོང་ཐོན་པ་མཛེས་ལྗོངས་ཁུལ་དུ་ཀྲུང་གོའི་བོད་ཡིག་རྟེན་རྫས་བཤམས་མཛོད་ཁང་དང་པོ་དང་།རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་8ཡོད་པས“ཀྲུང་གོའི་གྲོང་རྡལ་མཛེས་ཤོས”དང“ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།ཉེ་བའི་ལོ་ཤས་རིང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོགསྙེ་མོ་རྫོང་གིས་རིག་གནས་རྒྱུན་འཛིན་དང་སྣོད་བཅུད་སྲུང་སྐྱོབ་ལ་སྣང་ཆེན་བྱེད་པའི་རྨང་གཞིའི་ཐོག་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས“ཡུལ་སྐོར་དཔལ་འབྱོར་གྱིས་ཁྱད་ལྡན་ཐོན་ལས་ལ་སྐུལ་ཁྲིད་བྱེད་པ་དང་།ཁྱད་ལྡན་ཐོན་ལས་དང་ཡུལ་སྐོར་དཔལ་འབྱོར་དགེ་མཚན་ལྡན་པའི་སྤེལ་རེས་ཀྱི”འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་དང་།ས་གནས་དེ་གའི་མང་ཚོགས་ལའང་དེ་ལས་ཕན་པ་ཐོབ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།