སྙེ་མོ་རྫོང་གིས་“དམ་འཛིན་ལྔ”ལ་བརྟེན་ནས་དག་ཐེར་དོ་སྙོམས་མེད་པའི་གནད་དོན་བསལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:54:28

སློབ་གསོ་ལག་ལེན་བྱེད་སྒོའི་དག་ཐེར་དོན་འཁྱོལ་དང་། སྒྲིག་སྲོལ་བཟོ་བ། “ཕྱིར་མིག་ལྟ་བ”བཅས་ཀྱི་ལས་དོན་ཁྲོད་སྙེ་མོ་རྫོང་གིས“ཞིབ་འཇུག་བརྡར་གཅོད་དང་། ཡོངས་བསྒྲགས། ལྟ་སྐུལ་ཞིབ་བཤེར། ཞིབ་བཤེར་རྩིས་སུབ། བདའ་འདེད་གཏོང་བ”བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ“འདུ་ཤེས་ཟབ་མོ་མེད་པ་དང་། ཤུགས་སྣོན་རྒྱགས་ཤུགས་མི་གཅིག་པ། གོམ་སྟབས་གཅིག་མཚུངས་མེད་པ”སོགས་ཀྱི་གནད་དོན་ཧུར་ཐག་བསལ་ནས་གོང་འོག་མཉམ་འགུལ་དང་གཅིག་རྗེས་གཅིག་སྙེག་གི་དག་ཐེར་དོན་འཁྱོལ་གྱི་རྒྱུན་རྣམ་གསར་པ་ཆགས་རྒྱུར་སྐུལ་མ་བཏང་བ་རེད།

ཞིབ་འཇུག་བརྡར་གཅོད་དམ་འཛིན་བྱས་ནས་གཅིག་འདོམས་སྟངས་འཛིན་ཡག་པོ་བྱས་ཤིང་། སྙེ་མོ་རྫོང་ཨུད་ཀྱི་རྒྱུན་ཨུད་ཀྱིས་ཟླ་རེར་དག་ཐེར་དོན་འཁྱོལ་གྱི་ཆེད་དམིགས་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་རྒྱུན་ཨུད་ཚན་ཁག་གི“ཇུས་གཞི་གཉིས་དང་འཆར་གཞི་གཅིག”དག་ཐེར་བྱ་ཚུལ་ལ་དབྱེ་ཞིབ་དཔྱད་བརྗོད་བྱས་ཡོད། རྫོང་དེའི་བྱེད་སྒོའི་གཞུང་ལས་ཁང་གིས་གཟའ་འཁོར་ཚང་མར་འཆར་ཅན་ཚོགས་འདུ་འཚོགས་ཏེ་དག་ཐེར་གྱི་འཕེལ་རིམ་རེའུ་མིག་བསྡུ་རུབ་དང་གཙོ་གནད་དག་ཐེར་བྱས་ནས་སྣེ་འཁྲིད་དོན་འཁྱོལ་བྱེད་མཁན་རྫོང་རིམ་པའི་འགོ་ཁྲིད་ལ་དུས་ཐོག་ཏུ་འབུལ་གྱི་ཡོད། ཚན་པ་ཁག་གིས་ཟླ་རེར་དག་ཐེར་དོན་འཁྱོལ་བྱ་ཚུལ་གསེད་བཀྲོལ་བྱས་ནས་ཚན་ཁག་གི་ཚོགས་འདུའི་ཐོག་དག་ཐེར་ཕན་འབྲས་ལ་དཔྱད་དཔོག་བྱས་ནས་གནས་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་དག་ཐེར་ལས་དོན་གཏིང་ཟབ་སྤེལ་བ་རེད།

ཡོངས་བསྒྲགས་བྱ་རྒྱུ་དམ་འཛིན་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཤིང་། རྫོང་རིམ་པའི་སྨྱན་སྦྱོར་གཙོ་བོར“མང་ཚོགས་ལམ་ཕྱོགས་ནས་འགྱུར་ལྡོག་ལ་ལྟ་བ”དང“དག་ཐེར་ལ་དོ་སྣང་བྱེད་པ”སོགས་ཆེད་དམིགས་ལེ་ཚན་གཉེར་ནས་རྫོང་ཨུད་ཀྱི་རྒྱུན་ཨུད་ཀྱིས“འཆར་གཞི་གཉིས་དང་ཇུས་གཞི་གཅིག”དོན་འཁྱོལ་བྱ་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་ཀྱི་ཡོད། རྫོང་སྲིད་གཞུང་གི་སྒོ་རའི་ནང“དག་ཐེར་དོན་འཁྱོལ་གྱི་ཆེད་དམིགས་ལེ་ཚན”གཉེར་ནས་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་འདྲི་རྟོག་དང་ལེན་བྱེད་ཀྱི་ཡོད། ཚན་པ་ཁག་གིས་དྲ་རྒྱ་དང་འཕྲིན་ཆུང་སོགས་སྨྱན་སྦྱོར་ལ་བརྟེན་ནས་དག་ཐེར་གྱི་ཕན་འབྲས་ཡོངས་བསྒྲགས་བྱས་ཏེ་ཕན་ཚུན་འཕེལ་རིམ་བསྡུར་བ་དང། ཕན་འབྲས་བསྡུར་བ། འགྱུར་ལྡོག་བསྡུར་བའི་ཐོག་ནས་ཆད་ལུས་རྣམས་གསབ་པ་རེད།

ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བྱས་ནས་གནད་ལ་འཁེལ་པོས་ཤུགས་རྒྱག་ཐུབ་པ་བྱས་ཤིང་། སྙེ་མོ་རྫོང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་5ཡིས“འགོ་ཁྲིད་གཙོ་བོའི”ལས་སྒྲུབ་དག་ཐེར་དམ་འཛིན་བྱ་ཚུལ་དང་། “ཇུས་གཞི་གཉིས་དང་འཆར་གཞི་གཅིག”དོན་འཁྱོལ་བྱ་ཚུལ། ཆེད་དམིགས་བཅོས་སྒྲིག་བྱ་ཚུལ་སོགས་ལ་ནན་ཏན་ངང་བསྡུར་ནས་དོན་འཁྱོལ་མ་བྱས་པའི་རིགས་ཀྱི་རྒྱུ་རྐྱེན་འཚོལ་ཞིབ་དང་། དོན་འཁྱོལ་བྱས་རིགས་ཀྱི་འཕེལ་རིམ་ལ་ཞིབ་བཤེར་བྱེད་པ། དོན་འཁྱོལ་བྱས་རིགས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་བཅས“ཞིབ་བཤེར་གསུམ”གྱི་བླང་བྱ་གཞིར་བཟུང་རྫོང་དེའི་ཚན་པ་53གྱིས་དག་ཐེར་དོན་འཁྱོལ་ལ་སྐུལ་མ་གཏོང་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཐོག་རྫོང་དེ་ཡོངས་ཀྱི་ཚན་པ་ཁག་ལ་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུའི་སྐུལ་མ་བཏང་ཡོད། རྫོང་ཨུད་བྱེད་སྒོའི་གཞུང་ལས་ཁང་གིས་ལས་ཀ་རྟོགས་ཚད་དང་། དག་ཐེར་ལེགས་སྒྲུབ་བྱེད་ཚད། མང་ཚོགས་བློ་ཡིད་ཚིམས་ཚད་སོགས་དམིགས་ཚད་གལ་ཆེན་3ལ་དམ་པོར་དམིགས་ཏེ་རིམ་བཞིན་ཕྱིར་ལྡོག་དང་མཛུབ་ཁྲིད་བྱས་པ་རེད།

ཞིབ་བཤེར་རྩིས་སུབ་ལ་དམ་འཛིན་གྱིས་དུས་བཀག་ནང་དག་ཐེར་དོན་འཁྱོལ་བྱས་ཤིང་། སྙེ་མོ་རྫོང་གིས“རྩིས་ཐོ་གཅིག་དང་། ལམ་ལུགས་གཉིས། སྙན་སེང་གསུམ”གྱི་སྒྲུབ་རྒྱུའི་ལྟ་སྐུལ་བྱེད་ཐབས་བཟོས་པ་དང“ཐོ་འགོད”དག་ཐེར་དང“ཐོ་བསུབ”དོན་འཁྱོལ་ལམ་ལུགས་བཙུགས་ཡོད། རྫོང་དང་ཤང་རིམ་གཉིས་ཀྱི་འཆར་ཅན་ཚོགས་འདུའི་ཐོག“དག་ཐེར་དོན་འཁྱོལ་གྱི་བློ་ཡིད་ཚིམས་པའི་དཔྱད་འཇོག་རེའུ་མིག”བཀྲམ་པ་དང་། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་མང་ཚོགས་འཐུས་མིས་ས་གནས་ས་ཐོག་ཏུ་ཚོད་ལྟ་དང་བློ་འདྲི་དང་ལེན་བྱས་ཡོད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱུང་མེད་པ་དང་ཕན་འབྲས་མངོན་གསལ་མིན་པའི་དག་ཐེར་དོན་ཚན་12ལ“ཡང་བསྐྱར་ཐོ་འགོད”བྱེད་དུ་བཅུག་ནས་དུས་བཀག་ནང་དག་ཐེར་དོན་འཁྱོལ་ཡོང་བ་བྱས་ཡོད།

འགན་འཁྲི་བདའ་འདེད་ལ་དམ་འཛིན་བྱས་ཏེ་རྒྱུན་བསྲིང་སྐུལ་སྤེལ་ཐད་འགན་ལེན་བྱས་ཤིང་། སྙེ་མོ་རྫོང་གིས་དག་ཐེར་བྱེད་ཐབས་ཡག་པོ་མེད་པ་དང་ཕན་འབྲས་མི་ལེགས་པའི་ཚན་པ་ཁག་གཅིག་ལ་མིང་འདོན་བརྡ་ཁྱབ་བཏང་ནས་དག་ཐེར་བྱེད་དུ་བཅུག་ཡོད། སྙེ་མོ་རྫོང་ལྟ་བཤེར་ཚོགས་ཆུང་གིས་དག་ཐེར་དོན་འཁྱོལ་ཁྲལ་སེལ་ཙམ་བྱེད་པའི་གནས་ཚུལ་ལ་དུས་ངེས་མེད་ཐོག་ཞིབ་བཤེར་བྱས་ཤིང་། དག་ཐེར་ཁྲོད་ཀྱི“རྣམ་པ་ཙམ”དང་། “ནར་འགྱངས་བྱེད་པ” “ཕན་འབྲས་མི་མངོན་པ”སོགས་ཀྱི་གནད་དོན་ལ་དམིགས་ནས་ཚན་པ་1གི་འགན་འཁུར་བར་གྲོས་མོལ་བྱས་ཏེ་དུས་བཀག་ནང་དག་ཐེར་བྱེད་དུ་བཅུག་ཡོད། ལས་སྒྲུབ་སྒྲིག་ལམ་དང་འགལ་བའི་ཏང་ཡོན་ལས་བྱེད་པ་2ལ་རྫོང་དེ་ཡོངས་སུ་བརྡ་ཁྱབ་བཏང་བ་མ་ཟད་གནས་ཡུལ་ཚན་པའི་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲིའང་བདའ་འདེད་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།