སྙེ་མོའི་ལག་ཤེས་སྐྱེད་ཚལ་ནང་།མཁས་མང་མེ་ཏོག་སྣ་ཚོགས་བཞད།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-16 12:08:07

སྲུང་སྐྱོབ་དང་རྒྱུན་འཛིན།

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་བདེ་སྐྱིད་ལམ་དུ་ཕྱི་ནས་བལྟས་ན་དེ་ཙམ་ཆེན་པོ་མེད་པའི་སྒོ་ར་ཞིག་གི་རྒྱལ་སྒོའི་ཐོག་ལ“སྙེ་མོ་རྫོང་དབུལ་སྐྱོར་གསར་སྤེལ་གྱི་མི་རིགས་ལག་ཤེས་སྒྱུ་རྩལ་གླིང”ཞེས་པའི་སྒོ་བྱང་བཀལ་བ་མཐོང་།དེའི་ནང་སྙེ་མོ་རྫོང་གི་ལག་ཤེས་མཁས་པ་མང་པོ་འཛོམས་པ་དེ་དག་གིས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་ཐོག་དར་སྤེལ་གཏོང་བར་སེམས་ནུས་བཏོན་དང་འདོན་བཞིན་ཡོད།

སྒོ་རའི་ནང་འཛུལ་མ་ཐག་མིག་ལམ་དུ་མངོན་པ་ནི།དར་མ་ཞིག་གིས་གྱང་གི་འགྲམ་དུ་བསྡད་དེ་གྲི་ཆུང་གིས་རེ་ལྕག་གི་རྩ་བ་གཞོག་བཞིན་ཡོད།

སྙེ་ཤོག་གི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེས་དེ་ནི་རེ་ལྕག་གི་རྩ་བ་དཀར་པོའི་ཆ་དག་སྐྱེ་ཚུལ་གྱི་རི་མོར་བལྟས་ནས་གསེད་གསེད་བཏང་བ་དང་ཆབས་ཅིག་གྲིས་གཞོག་ཐུབ་མེད་པའི་རྩ་བའི་པགས་པ་དང་སྙིགས་རོ་སྒྲུག་རྒྱུ་དག་པོ་མ་བྱུང་ཚེ་བོད་ཤོག་གི་ཁ་མདོག་ལ་ཐད་ཀར་སྐྱོན་རྒྱག་གི་ཡོད་ཅེས་བཤད།

རླུང་རྟའི་པར་ཁང་ནང་ཕ་ཤུལ་འཛིན་མཁན་སྐལ་བཟང་གིས་འཕྲུལ་འཁོར་གྱི་མདུན་དུ་ལངས་ཏེ་པར་བརྒྱབ་ཟིན་པའི་རླུང་དར་རྣམས་བཙེམས་ནས་ཕོན་ཆེན་པོ་ཞིག་འགྲམ་དུ་བཞག་ཡོད་པ་དང་སྐལ་བཟང་གི་རྒྱབ་ལ་ཚེ་བསོད་རླུང་དར་སོགས་ཀྱི་ནང་དོན་འཁོད་པའི་རླུང་དར་སྣ་ཚོགས་གཤོམ་སྟེགས་ནང་བཀྲམ་ནས་གསལ་ལེར་མངོན་པ་ལས་ལོ་རྒྱུས་རིང་བའི་ཚོར་སྣང་ཞིག་ངང་གིས་སྦྱིན།གློ་བུར་དུ་སྐྱ་འབྲེལ་ནས་རྣ་ལམ་དུ་ངང་གིས་གྲགས་འོང་བ་ནི་སྙེ་མོ་ཞོ་ལེགས་རྔ་བཟོའི་ལག་ཤེས་རྒྱུན་འཛིན་པ་སྐལ་ལྷུན་གྱིས་རང་ཉིད་ཀྱིས་བཟོས་པའི་རྔའི་སྒྲ་ཡག་ཉེས་ལྟ་ཆེད་བརྡུངས་པའི་སྒྲ་ཡིན།ཁོང་གིས་བཟོས་པའི་རྔ་རྡུང་གི་རྔ་ལྤགས་ནི་ཀོ་བ་རང་ལས་གྲུབ་པ་དང་།རྔ་ཁྲི་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོས་བརྒྱན་པ།རྔ་སྒྲ་གསང་ཞིང་ཉན་སྤྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན།སྐལ་ལྷུན་གྱིས་འཛུམ་དམུལ་དམུལ་ངང་རྔ་རྡུང་ཞོར་དེའི་སྒྲ་ལ་ནན་ཏན་གྱིས་ཉན་རྗེས་གཟབ་གཟབ་ངང་རྔ་ལོགས་ཤིག་ཏུ་བཞག

“སྔོན་མ་ལག་ཤེས་པ་ཚོས་ཁྱིམ་རང་དུ་རྔ་སོགས་བཟོས་ནས་སྤུས་ཀ་དག་པོ་ཡོད་ནའང་གཞི་ཁྱོན་ཆེན་པོ་ཆགས་མེད”ཅེས་ལག་རྩལ་སྒྱུ་རྩལ་གླིང་གི་འགན་འཁུར་བས་གསར་འགོད་པར་དེ་ལྟར་བཤད་ཅིང་།ཁོང་གིས“གླིང་ཁུལ་ནང་ནས་བཟོས་པ་དག་ཐོན་པ་ཤང་དུ་ཡོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཧ་ཅང་བྲིན་པོ་ཡོད”ཅེས་བཤད།

2010ལོར་སྙེ་མོ་རྫོང་གིས“སྙེ་མོ་རྫོང་དབུལ་སྐྱོར་གསར་སྤེལ་གྱི་མི་རིགས་ལག་ཤེས་སྒྱུ་རྩལ་གླིང་བཙུགས་པ་དང་ཆབས་ཅིག་ལག་ཤེས་སྒྱུ་རྩལ་གླིང་དེ་དབུལ་སྐྱོར་གྱི་རྣམ་གྲངས་ནང་བཅུག་ཡོད”

2011ལོར་ལག་ཤེས་སྒྱུ་རྩལ་གླིང་དངོས་སུ་སྒོ་ཕྱེ་ཡོད།ལག་ཤེས་སྒྱུ་རྩལ་གླིང་གིས་འབྲེལ་ཡོད་སྲིད་ཇུས་ལྟར“སྔོན་ལ་སྲུང་སྐྱོབ་དང་རྗེས་སུ་འཕེལ་རྒྱས་གཏོང་བའི”རྩ་དོན་ལ་གཞིགས་ནས་ཁྱིམ་ཚང་བཟོ་ཁང་མང་པོ་གཅིག་ལ་བསྡུས་པ་དེས་ལས་ཀ་བྱ་ཡུལ་བྱུང་བ་མ་ཟད།འཚོ་བར་དཀའ་ངལ་ཆེ་བའི་དུད་ཚང་ལ་ལག་ཤེས་པ་གསོ་སྦྱོང་བྱས་ཏེ་ཁོང་ཚོར་ལས་ཞུགས་ཡོང་བ་བྱས་ཡོད།

2013ལོར་ད་དུང་སྙེ་མོ་རྫོང་གིས་ལག་ཤེས་སྒྱུ་རྩལ་གླིང་ལ་རྣམ་གྲངས་བརྩོན་ལེན་བྱས་ནས་སྒྱུ་རྩལ་གླིང་ཁུལ་གྱི་ཆ་རྐྱེན་ལེགས་སུ་བཏང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།