བོད་ལྗོངས་ཀྱིས་རྫོང་རིམ་པའི་ཁྲལ་འཇལ་ལས་ཁུངས་ཀྱི་ཞབས་ཞུ་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-04 10:51:02

2014ལོའི་ཟླ་10ཚེས་8ཉིན《རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཁྲལ་འཇལ་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན་དུ་གཏོང་དགོས》ཞེས་པའི་ཡིག་ཆ་ཉེ་ཆར་རང་ལྗོངས་སུ་དངོས་སུ་ལག་ལེན་བསྟར་བས་ཁྲལ་དོན་ལས་ཁུངས་ཀྱི“ཁྲལ་འཇལ་ཞབས་ཞུ་ཚད་ལྡན་དང་ཁྲལ་གཉེར་བརྒྱུད་རིམ་ཚད་ལྡན་དུ་འགྱུར་བ”དང་།ཟླ་བ་གཉིས་ཀྱི་དུས་ཚོད་ནང་དམངས་ཀྱིས་ཁྲལ་གཉེར་ཐད་སྟབས་བདེ་སྐྲུན་པའི་ལམ་སྲོལ་གསར་པ་ཞིག་གངས་ལྗོངས་ས་མཐོའི་ཐོག་ཆགས་བཞིན་ཡོད་པ་རེད།

སྙེ་མོ་སྤོས་བཟོ་གྲྭའི་སྦྱིན་བདག་བསྟན་འཛིན་ཆོས་གྲགས་ཀྱིས“སྙེ་མོ་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ནུས་མང་སྐར་ཁུང་ཞབས་ཞུའི་ལས་དོན་སྤེལ་རྗེས་ང་ཚོས་ཁྲལ་གཉེར་ཚོམས་ཆེན་དུ་དུས་ཚོད་རིང་པོ་སྒུག་དགོས་ཀྱི་མི་འདུག་པས་ལས་ཕྱོད་ཆེ་རུ་ཕྱིན་འདུག”ཅེས་བརྗོད་པ་དང་།མཚོ་སྣ་རྫོང་མཚོ་སྣ་གྲོང་རྡལ་ཚོགས་ཆུང་གཉིས་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི་སྦྱིན་བདག་ཕུར་བུ་དོན་གྲུབ་ཀྱིས“དེ་སྔ་ཁྲལ་འཇལ་བར་ཡོང་སྐབས་རེའུ་མིག་འབྲི་ཤེས་པའི་གྲོགས་པོ་ཞིག་མཉམ་དུ་འཁྲིད་དགོས་ཀྱི་འདུགརེའུ་མིག་འབྲི་མི་དགོས་པའི་ཞབས་ཞུའི་ལས་དོན་སྤེལ་བ་ནས་བཟུང་ཁྲལ་དོན་མི་སྣས་ང་ཚོས་འཇལ་བའི་དཔྱ་ཁྲལ་གྱི་ལག་ཁྱེར་དང་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ཏེ་ཐད་ཀར་དེ་མཚུངས་ཀྱི་རེའུ་མིག་པར་བརྒྱབ་ནས་སྤྲོད་ཀྱི་འདུགང་ཚོས་དེར་ནོར་འཁྲུལ་ཡོད་མེད་བལྟས་རྗེས་ཐམ་ག་བརྒྱབ་ནས་སྐྱེལ་ཆོག་གི་འདུག་པས་དངོས་གནས་རེའུ་མིག་འབྲི་བའི་ཐད་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བཤད་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།