"སྙེ་མོའི་མཆོག་གསུམ"གྱི་ཡ་གྱལ་ཕུ་གསུམ་གྱི་རྐོས་རིས།

ཀྲུང་གོའི་བོད་ལྗོངས་དྲ་བ།

| 2014-12-18 00:15:13

      སྙེ་མོ་རྫོང་ཕུ་གསུམ་ཤང་ནི་ལྷ་ས་ནས་བར་ཐག་སྤྱི་ལེ་༡༥༠སར་གནས་ཡོད་པ་དང་།"རྐོས་རིས་ཀྱི་ཕ་ས"ཞེས་པའི་མཚན་སྙན་བཟང་པོ་ཞིག་ཡོད།"སྙེ་མོའི་མཆོག་གསུམ"གྱི་ཡ་གྱལ་ཕུ་གསུམ་གྱི་རྐོས་རིས་ནི་ཕུ་གསུམ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གནའ་བོའི་ལག་རྩལ་ཞིག་ཡིན།ད་ཆ་བོད་ལྗོངས་ཀྱི་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་གྲས་སུ་ཚུད་ཡོད།གསར་འགོད་པ་སྙེ་མོ་རྫོང་ཕུ་གསུམ་ཤང་ཆུ་ཤུར་གྲོང་ཚོའི་པར་ཤིང་རྐོས་རིས་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས་འོག་ཁང་དུ་ལས་མི་འགའ་ཤས་ཞིག་གིས་ཆོས་དཔེ་པར་རྒྱག་བཞིན་ཡོད་པ་དང་།ཐོག་ཁང་དུ་ལས་མི་འགའ་ཤས་ཞིག་ཁུ་སིམ་པོར་རྐོས་རྒྱག་བཞིན་པ་མིག་ལམ་དུ་མངོན།

   

1.jpg

དབང་གྲགས་ཀྱིས་རྐོས་རྒྱག་བཞིན་པ།

ད་ལོ་ལོ༣༣ཡིན་པའི་དབང་གྲགས་ནི་ཆེད་ལས་མཉམ་ཁང་གི་ལས་མི་ཞིག་ཡིན་པ་དང།ཁོང་གིས་ལོ༡༠ནས་རྐོས་རིས་ལག་རྩལ་སྦྱངས་འགོ་ཚུགས་པ་དང་།ད་བར་དགེ་རྒན་གཉིས་བསྟེན་ཏེ་ལོ་ངོ༦ཙམ་རིང་རྐོས་རིས་ཀྱི་ལག་རྩལ་ལེགས་པར་སྦྱངས་ཡོད་པ་རེད།དབང་གྲགས་ཀྱིས"དང་ཐོག་རྐོས་རིས་ཀྱི་ལག་རྩལ་སྦྱངས་སྐབས་ཤིང་མཁྲེགས་པོ་ཡོད་པར་བརྟེན་ཧ་ཅང་གི་དཀའ་ལས་ཁག་པོ་འདུགལག་ཏུ་ཡང་ཆུ་སེར་སྐྱེས་བྱུང"ཞེས་གསར་འགོད་པར་གསུངས།ད་ཆ་ཡི་གེ་དང་མེ་ཏོག་སོགས་གང་རྐོས་ཀྱང་ལག་རྩལ་བྱང་ཆུབ་ཞིག་ཡོད་པ་རེད།

 

2.jpg

དཔེ་ཆ་པར་རྒྱག་བཞིན་པ།    དབང་གྲགས་ཀྱིས"དེ་སྔ་རྐོས་རིས་ཀྱི་ལག་རྩལ་བར་ཡོང་འབབ་དེ་ཙམ་ཡག་པོ་མེད།ད་ཆ་ཆེད་ལས་མཉམ་ལས་ཁང་གིས་རྐོས་རིས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བས་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་འདུག་པས་ཡོང་འབབ་ཧ་ཅང་ཡག་པོ་འདུག"ཅེས་གསུངས།ཞིང་ལས་ཀྱི་ཞོར་དུ་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་དགོང་དྲོའི་ཆུ་ཚོད་བརྒྱད་པ་ཙམ་བར་ནི་དབང་གྲགས་ཀྱིས་རྐོས་རྒྱག་པའི་དུས་ཚོད་ཡིན་པ་དང་ལག་གཡས་པར་པང་ལེབ་དང་གཡོན་མར་རྐོས་གྲི་འཁྱེར་ནས་ཉིན་གཅིག་གི་དུས་ཚོད་དེ་ལྟར་བསྐྱལ་བཞིན་ཡོད་པ་རེད།    ཕུ་གསུམ་གྱི་རྐོས་རིས་ལས་རིམ་རྙོག་འཛིང་ཆེ་ཞིང་དཔེར་ན་སྤྱིར་བཏང་གི་དཔེ་ཆ་སོགས་རྐོས་ཚེ་ལས་རིམ་༩ཡོད་པ་དང་།སངས་རྒྱས་སྐུ་ལྟ་བུར་ལས་རིམ་༡༥ནས་༡༦ཡོད་པ་རེད།ཆེས་རྙོག་འཛིན་ལྡན་པ་དེ་ཚོར་ལས་རིམ་༢༠ནས་༣༠ཙམ་་ཡོད་པ་རེད།རྐོས་རིས་རྒྱག་ཆེད་ཀྱི་རྐོས་གྲིར་ཡང་དང་དོད་ཆེན་པོ་ལྡན་པ་དང་རྐོས་རིས་པ་ཚོར་ཆེད་མངགས་ཀྱི་རྐོས་གྲི་ཆ་ཚང་ཡོད་པ་དང་།སྤྱིར་རྐོས་གྲི༢༠ལྷག་ཙམ་ཡོད་པ་རེད

  

3.jpg

རྐོས་གྲི

མིག་སྔར།ཕུ་གསུམ་ཤང་དུ་རྐོས་རིས་ཀྱི་ལས་ཀ་བྱེད་མཁན་ཞིང་དུད༨༧དང་མི་གྲངས༡༡༤ཡོད་པ་དང་།དར་ལྕོག་འཚེམ་བཟོ་མཁན་ཞིང་དུད༡༢༢དང་མི་གྲངས༢༤༧ཡོད་པ་རེད།༢༠༡༣ལོར།རྐོས་རིས་དང་དར་ལྕོག་སོགས་ལ་ལོ་འཁོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི༣༦༠ཟིན་གྱི་ཡོད་པ་དང་།ཤང་ཡོངས་ཀྱི་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆ༡༢.༦ཟིན་གྱི་ཡོད་པ་རེད།ལས་གནས་དེར་ཞུགས་མཁན་ཚོར་ལོ་གཅིག་ལ་ཆ་སྙོམས་སྒོར༩༩༠༠ཙམ་གྱི་ཟིན་གྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།