སྙེ་མོ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ཉེ་ཆར་སྙེ་མོ་རྫོང་གི་བདེ་འཇགས་ལྟ་སྐུལ་དང་།རྒྱལ་ཁབ་ས་ཆ།ཁོར་ཡུག་སྲུང་སྐྱོང་།འགྲིམ་འགྲུལ་སྡེ་ཚན་སོགས་ལས་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱས་ཏེ་གཙོ་གནད་ཐོག་སྙེ་མོའི་ཟངས་ལས་གཏེར་འདོན་ས་ཚིགས་དང་གཏེར་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།སྙེ་མོ་རྫོང་གིས“ཁྱོན་ཡོངས་སུ་ཁྱབ་པ་དང་།བཟོད་སྒོམ་ཕྲན་བུ་ཡང་མི་བྱེད་པ།ཁྲིམས་སྐྱོང་ནན་པོ།ཕན་འབྲས་ལ་སྣང་ཆེན”བཅས་བྱེད་པའི་ལས་ཀའི་བླང་བྱ་ལྟར་སྲིད་གཞུང་གི་ཁག་བགོས་དོ་དམ་འགོ་ཁྲིད་དང་དེ་བཞིན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མའིི་ཚན་པ་ལས་ཞིབ་བཤེར་ཚོགས་ཆུང་9གྲུབ་པ་དང་།ཟླ་8ཚེས་12ཉིན་ནས་ཟླ་མཇུག་བར་ཉིན་20ལྷག་ཙམ་རིང་རྫོང་དེའི་འགྲོ་ལམ་འགྲིམ་འགྲུལ་དང་།རྡོ་སོལ་མིན་པའི་གཏེར་རི།མི་སྣ་འདུ་ཡུལ།ཐོན་སྐྱེད་གཉེར་སྐྱོང་ཚན་པ་སོགས་དང་ལྷག་དོན་དུ་འགྲོ་ལམ་འགྲིམ་འགྲུལ་དང་།རྡོ་སོལ་མིན་པའི་གཏེར་རི།བཟོ་སྐྲུན་ཨར་རྒྱགམེ་ཟོན་བདེ་འཇགས་སོགས་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ནུས་ལྡན་ངང་བསལ་བ་དང་ལས་འཛོལ་སྔོན་འགོག་ཏན་ཏིག་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།