སྙེ་མོ་རྫོང་གིས་སྤྱོད་ཚུལ་སྒྱུར་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཁྲོད་ཐོན་པའི་གནད་དོན་ལ་སྙེ་མོ་རྫོང་གིས་འཕྲལ་རྟོགས་འཕྲལ་བཅོས་དང་འཕྲལ་སྤྱོད་འཕྲལ་སྒྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་སྒྱུར་བ་དང་།ཕན་ནུས་མཐོར་གཏོང་།ཞབས་ཞུར་ཤུགས་སྣོན་བཅས་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

གོང་གིས་འོག་ལ་སྣེ་འཁྲིད་་འགོ་ཁྲིད་ཀྱིས་དཔེ་སྟོན་སྣེ་ཁྲིད་ས་ཤིང་།“སྤྱོད་ཚུལ་བཞིའི”བསྡུ་ལེན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་21འཕྲལ་རྟོགས་འཕྲལ་བཅོས་བྱས་པ་དང་།རྫོང་དེའི་ལས་ཁུངས་ཚན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་གཞུང་འཁོར་སྤྱོད་པ་དང་།གཞུང་འཁོར་སྤྱད་ནས་སྣེ་ལེན་བྱེད་པ།ཚོགས་འདུ་འཚོགས་སྲོལ་དང་རྩོམ་སྲོལ།སྤྱོད་ཚུལ་ཕན་ནུས་སོགས་མངོན་གསལ་དོད་པའི་གནད་དོན་བཅས་ལ་བཅོས་སྒྲིག་བྱས་ཡོད།མིག་སྔའི་བར་རྫོང་དེ་ཡོངས་སུ་རིམ་རྩིས་བྱས་ན་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་ཁག་362བསྡུ་ལེན་བྱས་པ་དང“སྤྱོད་ཚུལ་བཞི”དང་།“གནད་དོན་གཉིས” “ཞན་ས་གཅིག” “མི་འདང་ས་གསུམ”སོགས་ཐད་ཀྱི་གནད་དོན་ཁག་265གསེལ་བཀྲོལ་བྱས་པ་དང་།འཕྲལ་རྟོགས་འཕྲལ་བཅོས་ཁག་258བྱས་པ་རེད།

བྱེད་ཐབས་སྣ་མང་སྤྱད་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱས་ཤིང་།མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་ཡིན་པའི་གླེང་མང་བའི་དཀའ་གནད་དང་གནད་དོན་ལ་དམིགས་ཏེ་དམངས་ཕན་དམངས་ཆེད་ཀྱིས་འགོ་འཛུགས་སར་བྱས་ནས་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་ཁར་མང་ཚོགས་ལམ་ཕྱོགས་ཀྱི་དཔྱིད་རྨོད་ལ་རོགས་རམ་དང་།ཁོར་ཡུག་འཕྲོད་བསྟེན་གྱི་བཅོས་སྒྲིག་ཆེ་མོ།བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བློ་འདྲི་དང་འོས་འགན་སྨན་བཅོས།“སྤྱོད་ཚུལ་སྒྱུར་བ་དང་རང་ཉིད་ནས་འགོ་འཛུགས་པ”སོགས་ཀྱི་བྱེད་སྒོ་སྤེལ་ད།ཞིང་པ་ལས་མིའི“ཁེ་ཕན་གྱི་རེ་འབོད”ཀྱིས་ལྟེ་བར་བྱས་ནས་ཡིག་བསྐུར་ངོ་བཅར་གྱི་ཞུ་གཏུག་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དང་ཡིག་བསྐུར་ངོ་བཅར་གྱི་ཞུ་གཏུག་གི་གྱོད་གཞི་ཞིབ་གཅོད་ལ་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་འགན་སྲུང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བ་དང་ངལ་རྩོལ་པའི་ཁྲིམས་མཐུན་དབང་ཆར་བཙན་གནོད་བྱེད་པ་དང་འབྲེལ་བའི་གནད་དོན་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་དང་མགྱོགས་མྱུར་ཞིབ་བཤེར་ཐག་གཅོད་བཅས་བྱས་ནས་ཞིང་པ་ལས་མི་28ལ་གླ་ཕོགས་སྒོར་ཁྲི་205ལྷག་ཙམ་རག་ཐབས་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།