སྙེ་མོ་རྫོང་སྤྱི་བདེ་ཅུས་མཁར་རུ་ཞིབ་བཤེར་ས་ཚིགས་ཀྱིས།ཤྭ་བའི་རྭ་ཅོ་ཞིག་གཞུང་བཞེས་བཏང་བ།

​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ཉེ་ཆར་སྙེ་མོ་རྫོང་སྤྱི་བདེ་ཅུས་མཁར་རུ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་ཉིན་རེའི་ཞིབ་བཤེར་བྱེད་དུས་བདག་ཏུ་མ་བཟུང་བའི་ཤྭ་བའི་རྭ་ཅོ་ཞིག་གཞུང་བཞེས་བཏང་བ་རེད།

ཉིན་དེར་ཉེན་རྟོག་པས་རླངས་འཁོར་ལ་ཉིན་རེའི་ཞིབ་བཤེར་བྱེད་དུས་ཞིང་སྤྱོད་འཕྲུལ་འཁོར་གྱི་ཁ་ལོ་བ་ཞིག་དངངས་འཚབ་ཆེན་པོ་བྱེད་པ་དང་སྐད་ཆ་དབ་དིབ་ཤོད་པ་མཐོང་བས་དོགས་པ་སྐྱེས་ནས་ཁ་ལོ་བ་དང་འཁོར་རིགས་ལ་ཞིབ་བཤེར་ནན་ཏན་བྱས་རྗེས་ཉེན་རྟོག་པས་རླངས་འཁོར་དེའི་ནང་ཤྭ་བའི་རྭ་ཅོ་ཞིག་བླུགས་ཡོད་པ་ཤེས།ཁ་ལོ་བས་ཤྭ་བའི་རྭ་ཅོ་དེ་ནི་རི་སྟེང་ནས་སྒྲུག་པ་ཞིག་ཡིན་པ་དང་ནང་དུ་འཁྱེར་ནས་མཛེས་རྒྱན་བཟོ་རྩིས་ཡོད་ཚུལ་བཤད་འཕྲལ་ཉེན་རྟོག་པས་ཁ་ལོ་བར་སྐྱོན་བརྗོད་སློབ་གསོ་བྱས་པ་མ་ཟད།ཤྭ་བའི་རྭ་ཅོ་དེ་གཞུང་བཞེས་བཏང་བ་རེད།

འདི་ལོ་ནས་བཟུང་།སྙེ་མོ་རྫོང་སྤྱི་བདེ་ཅུས་མཁར་རུ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་གཞན་དང་འདྲ་བར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྭ་ཅོ་སོགས་གཞུང་བཞེས་ཐེངས་མང་བཏང་བའི་ནང་།བོད་ལ་མ་གཏོགས་མེད་པའི་སྟོངས་ལ་ཉེ་བའི་རིན་གོང་ཆེ་བའི་རྒྱལ་ཁབ་ཀྱི་རྩ་ཆེའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རྭ་ཅོ་སོགས་ཡོད།ཁྲིམས་འགལ་ཉེས་གསོག་པ་མང་པོས་དེ་དག་ལ་ལྡིར་ནས་མགོ་བདེ་དྲན་འཁྲུལ་གྱིས་འགག་སྒོ་ལས་སྒྲོལ་རྩིས་བྱེད་པ་དང་བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་དེ་རང་ཉིད་ཀྱི་ཁེ་ཕན་སྒྲུབ་རྩིས་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།