མལ་གྲོ་གུང་དཀར་རྫོང་གིས་དུས་བདེ་གཏོད་པའི་སྒོ་བྱང་སྤྲོད་པ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-07 12:03:36

QQ截图20161207115923.png

ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་དུས་བདེ་གཏོད་པའི་སྒོ་བྱང་སྤྲོད་པ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་རྫོང་རིམ་པའི་དུས་བདེ་ཚན་པ་15ལ་སྒོ་བྱང་སྤྲད་པ་རེད། སྦྱངས་འབྲས་བཟང་པོ་དང་ལས་དོན་སྔོན་ཐོན་གྱི་དུད་སྦྲེལ་ཚན་པ་10ཡི་དུད་ཚང་173དང་། གྲོང་ཚོ་ཨུ་ལྷན་4 ཤང(གྲོང་རྡལ)3ལ་གཟེངས་བསྟོད་བྱས་པ་རེད། ཐེངས་དེའི་ཚོགས་ཆེན་གྱི་དམིགས་ཡུལ་ནི་རྫོང་དེས་དུས་བདེ་གཏོད་པའི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་འཕེལ་བ་བྱས་ཐོག དུས་བདེ་གཏོད་པ་དང་དེ་བཞིན“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད་ཡིན་ཞིང་། འདི་ནི་རྫོང་དེའི་དུས་བདེ་གཏོད་འདེམས་སྒོ་བྱང་སྤྲོད་པ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་གཟེངས་བསྟོད་ཚོགས་ཆེན་ཐོག“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་འཐུས་མིས་གཏམ་བཤད་སྤེལ་བཞིན་ཡོད་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།