མལ་གྲོ་གུང་དཀར་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

མལ་གྲོ་གུང་དཀར་བོད་ཀྱི་དབུས་རྒྱུད་དང་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་བྲག་ལའི་ནུབ་རྒྱུད་དུ་གནས་ཡོད།

མལ་གྲོ་གུང་དཀར་རྫོང་ཁོངས་སུ་གྲོང་རྡལ་1དང་། ཤང་7  སྲིད་འཛིན་གྲོང་ཚོ་43བཅས་ཡོད། མི་འབོར་ཁྲི་3.8ཡོད།

མལ་གྲོ་གུང་དཀར་རྫོང་ལ་སྨན་རྒྱུའི་ཐོན་ཁུངས་གཙོ་བོ་དབྱར་རྩྭ་དགུན་འབུ་དང་། གངས་ལྷ་མེ་ཏོག  ཨ་བི་ཁ་ཞན་པ། སྲོ་ལོ་དམར་པོ་སོགས་རྩ་ཆེའི་སྨན་རྒྱུའི་ཐོན་ཁུངས་ཡོད།

མལ་གྲོ་གུང་དཀར་རྫོང་ཁོངས་སུ་གསེར་དང་། འཐི། ཀེ། དངུལ། ཟངས། ཞ་ཉེ། ཏི་ཚ། རྡོ་ཀ་མ་རུ། རྡོ་ཐལ་བྲག་རྡོ་སོགས་གཏེར་ཁ་ཡོད་པ་དེ་དག་ཕུན་སུམ་ཚོགས་པ་དང་སྤུས་ཀ་ལེགས་པོ་ཡོད། མལ་གྲོ་གུང་དཀར་རྫོང་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླ་བ་དང་། རི་བོང་། གནའ་བ། བྲག་སྲམ། ཆུ་སྲམ། དོམ་ནག ར་རྒོད། ཁྲུང་ཁྲུང་སྐེ་ནག་སོགས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།