མལ་གྲོ་གུང་དཀར་རྫོང་གིས་ཞིང་འབྲོག་མང་ཚོགས་ནད་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ཏང་གི་མང་ཚོགས་ལམ་ཕྱོགས་སྔར་བས་ལག་ལེན་གཏིང་ཟབ་བསྟར་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད་མལ་གྲོ་གུང་དཀར་རྫོང་གིས་སྨན་བཅོས་སྐྱོབ་རོགས་ཀྱི་ཚད་གཞི་དང་སྐྱོབ་རོགས་ཀྱི་བསྡུར་གྲངས་མཐོ་རུ་གཏོང་བ་དང་།སྨན་བཅོས་སྐྱོབ་རོགས་ཀྱི“གཅིག་མཐུད་རྣམ་པའི”དུས་ཐོག་བསྡོམས་རྩིས་ཞབས་ཞུ་ལེགས་སུ་གཏོང་བ།“སྨན་བཅོས་གོང་གི་སྐྱོབ་རོགས་དང་།རིགས་དབྱེའི་སྐྱོབ་རོགས།གནས་གཏན་འཁེལ་སྨན་བཅོས”བཅས་ཕྱོགས་གསུམ་གཞི་གཅིག་གི་སྐྱོབ་རོགས་བྱེད་སྟངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།ཁྱོན་ཡོངས་ནས་ལྟ་བཤེར་བྱས་ཏེ་མ་དངུལ་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་སྤེལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ནད་ལྟ་བ་དང་།སྐྱོབ་བཅོས།སྐྱོབ་རོགས་བཅས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

སྨན་བཅོས་སྐྱོབ་རོགས་ཀྱི་ཚད་གཞི་དང་སྐྱོབ་རོགས་ཀྱི་བསྡུར་གྲངས་མཐོ་རུ་བཏང་བ།མལ་གྲོ་གུང་དཀར་རྫོང་གིས་རྫོང་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་།འགན་ལེན་ལྔ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོད་སྐྱོབ་བཅས་ལོངས་སྤྱོད་བྱེད་མཁན་དང་ཐ་ཐོར་དུ་སྡོད་པའི་དྭ་ཕྲུག་ལ་གྲངས་ཚང་སྐྱོབ་རོགས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་གྲོང་མི་དང་མ་མཐའི་མཚམས་སུ་སླེབས་པའི་ཁྱིམ་ཚང་ལ་ཁྱིམ་ཚང་གི་དངོས་ཡོད་ཡོང་འབབ་དང་ནད་ཚབས་ཆེ་ཆུང་གཞིར་བཟུང་མི་སྒེར་གྱིས་སྨན་རིན་50%ནས་80%བར་ལས་སྤྲོད་མི་དགོས་པའི་སྨན་བཅོས་སྐྱོབ་རོགས་བྱས་པ་རེད།

སྨན་བཅོས་སྐྱོབ་རོགས་ཀྱི“གཅིག་མཐུད་རྣམ་པའི”དུས་ཐོག་བསྡོམས་རྩིས་ཞབས་ཞུ་ལེགས་སུ་བཏང་བ།རྫོང་དེ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་སྨན་ཁང་6དང《སྨན་བཅོས་སྐྱོབ་རོགས་ཀྱི“གཅིག་མཐུད་རྣམ་པའི”དུས་ཐོག་བསྡོམས་རྩིས་ཞབས་ཞུའི་ཡི་གེ》བཞག་ནས་སྨན་བཅོས་སྐྱོབ་རོགས་མ་དངུལ་སྒོར་ཁྲི་120སྨན་ཁང་6ལ་སྔོན་ལ་སྤྲད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནད་བཅོས་མང་ཚོགས“ཡོང་བདེ་བ་དང་།སྨན་བཅོས་བྱེད་བདེ་བ།ལོག་བདེ་བ།སྨན་རིན་རྩིས་རྒྱག་བདེ་བ”བཅས་ཆགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་གང་ཐུབ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་གང་ཐུབ་བྱས་པ་རེད།

“སྨན་བཅོས་གོང་གི་སྐྱོབ་རོགས་དང་།རིགས་དབྱེའི་སྐྱོབ་རོགས།གནས་གཏན་འཁེལ་སྨན་བཅོས”བཅས་ཕྱོགས་གསུམ་གཞི་གཅིག་གི་སྐྱོབ་རོགས་བྱེད་སྟངས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ།མལ་གྲོ་གུང་དཀར་རྫོང་གིས་ལོ་ལྟར་རིམ་པ་དེའི་ནོར་སྲིད་ནས་སྒོར་ཁྲི་300བཏོན་ཏེ“མལ་གྲོ་གུང་དཀར་རྫོང་རིམ་པའི་ནད་ཆེན་སྐྱོབ་རོགས་ཀྱི་གཅེས་སེམས་ཐེབས་རྩ”བཙུགས་ནས་སྨན་བཅོས་གོང་གི་སྐྱོབ་རོགས་ཐད་སྤྱད་པ་དང་སྐྱོབ་རོགས་གོ་རིམ་སྟབས་བདེ་རུ་བཏང་བ་རེད།མིག་སྔའི་བར་རྫོང་དེའི་ནད་ཆེན་སྐྱོབ་རོགས་ཀྱི་གཅེས་སེམས་ཐེབས་རྩ་ནས་ཕན་པ་ཐོབ་མཁན་ཁྱོན་མི་210ཟིན་པ་དང་ཐེབས་རྩ་ནས་ཁྱོན་སྒོར་ཁྲི་287བཏང་ཟིན་པ་རེད།གཞན་ཡང་ནད་ཆེན་སྐྱོབ་རོགས་བྱ་ཡུལ་གྱིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ཁ་གསབ་བམ་ཡང་ན་གྲོང་ཁྱེར་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་འགན་བཅོལ་ཀུང་སིའི་གུད་གསབ་ལོངས་སྤྱོད་བྱས་རྗེས་དམངས་སྲིད་ཀྱིས་སྨན་བཅོས་སྐྱོབ་རོགས་བྱེད་པ་དང་དེ་བྱིངས་ཀྱི་སྨན་རིན་ལྷག་མ་རྣམས་ཡང་རྫོང་དེའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད་པ”ཞེས་པའི་གཅེས་སེམས་ཐེབས་རྩས་སྐྱོབ་རོགས་བྱེད་ཀྱི་ཡོད།མིག་སྔའི་བར་རྫོང་དེའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད་པ”ཞེས་པའི་གཅེས་སེམས་ཐེབས་རྩས་མི་11སྐྱོབ་རོགས་བྱས་པ་དང་སྐྱོབ་རོགས་མ་དངུལ་སྒོར་ཁྲི་138ལྷག་ཙམ་ཟིན་ཡོད་པ་རེད།

ཁྱོན་ཡོངས་ནས་ལྟ་བཤེར་བྱས་ཏེ་མ་དངུལ་དོ་དམ་ཚད་ལྡན་དུ་བཏང་བ།མལ་གྲོ་གུང་དཀར་རྫོང་གིས་སྨན་བཅོས་སྐྱོབ་རོགས་ཀྱི་མ་དངུལ་སྤྲོད་ཚུལ་དེ་དུས་ཚིགས་ཀྱི་དཔྱད་ཞིབ་ནང་བཅུག་ནས་དུས་གཏན་འཁེལ་དང་དུས་ངེས་མེད་ཐོག་སྨན་བཅོས་སྐྱོབ་རོགས་ཀྱི་མ་དངུལ་སྤྲོད་ཚུལ་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།