མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པ།

མི་དམངས་ཉིན་རེའི་ཚགས་པར།

| 2014-12-18 00:15:15

墨竹工卡10.jpg

ཉིན་ཤས་བསྟུད་མར་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྒྲིག་འཛུགས་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རྫོང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་པ་དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དང་མཉམ་དུ་སློབ་སྦྱོང་བྱེད་པ།དགོན་སྡེར་བཅའ་སྡོད་ལས་བྱེད་པས་གྲྭ་བཙུན་དང་མཉམ་དུ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་གྲྭ་བཙུན་ཁྲོད་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱས་པ་རེད།འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོར་བཅའ་སྡོད་རྫོང་དེའི་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་རླུང་འཕྲིན་ཅུས་ཀྱིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།