ལྷུན་གྲུབ་རྫོང་གིས་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད། གཞོན་ནུས་སྔོ་ལྗང་ནགས་ཚལ་འདེབས་ཞེེས་པའི་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-22 10:35:11

སྡེ་ཚོགས་རྩ་འཛུཌ་ཀྱི་གོང་བུ་སྒྲིལ་ཤུཌ་ཆེ་རུ་གཏོང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད་པ་དང་རང་བྱུང་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་བ་བྱ་ཕྱིར། ཉེ་ཆར་གུང་གཞོན་སྡེ་ཚོགས་ལྷུན་གྲུབ་རྫོང་ཨུད་ཀྱིས་བྱང་ཁ་ཤང་བྱང་ཁ་གྲོང་ཚོར“མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད། གཞོན་ནུས་སྔོ་ལྗང་ནགས་ཚལ་འདེབས”ཞེས་པའི་བྱེད་སྒོ་སྤེལ་ནས་བྱེད་སྒོའི་ནང་གཞོན་ནུ་ཤེས་དཔལ་ཅན་གྱི་ཚན་པ་ཡིན་པའི་རྫོང་རྒྱལ་ཁྲལ་ཅུས་དང་། རྫོང་གློག་འཕྲིན་ཅུས། རྫོང་སྤྱི་བདེ་ཅུས་བཅས་དང་དེ་བཞིན་གཞོན་ནུ་སྡེ་ཚོཌ་གཞན་དག་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཚང་མའི་སྤྲོ་སེམས་རབ་ཏུ་འཕེལ་ནས་ལས་དོན་ཚོགས་ཆུང་ཁག་མང་པོར་བགོས་ཏེ་གཞོགས་འདེགས་དམ་ཟབ་དང་ཕྱར་བ་གྲུ་འདེགས་ཀྱིས་ཀོང་དོང་འདྲུས་རྗེས་ལྕང་སོན་བཙུགས་ཤིང་། གང་སར་ཚ་ཚ་འུར་འུར་གྱི་ངལ་རྩོལ་རྣམ་པས་ཁེངས། ཆུ་ཚོད་གཉིས་རིང་ངལ་རྩོལ་ཧུར་ཐག་བྱས་པ་བརྒྱུད་ཤིན་ཅང་གི་སྦྱར་པ་རྐང་200ལྷག་ཙམ་བཙུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་རྫོང་གཞོན་ནུ་ཤེས་དཔལ་ཅན་གྱི་ཚན་པས་ཁོར་ཡུག་སྲུང་སྐྱོང་ཁྲོད་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་མ་ཟད་རྒྱ་ཆེའི་གཞོན་ནུ་རྣམས“མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད—སྔོ་ལྗང་ནགས་ཚལ་གཞོན་ནུས་སྔོན་ལ་འདེབས”ཅེས་པའི་བྱས་རྗེས་དེང་དུ་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པའི་རླབས་ཆེན་བྱ་གཞག་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་ལྷུན་གྲུབ་རྫོང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་ཕུལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།