ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་གཅིག་རྩད་ཆོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:55:58

ཟླ་4ཚེས་14ཉིན་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ལྕང་ར་ཤར་ཤང་མངགས་གཏོང་ཁང་གིས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་གཅིག་རྩིས་སྤྲོད་བྱས་པ་རེད། གྱོད་གཞི་འབྱོར་རྗེས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད་ཟླ་3ཚེས་17ཉིན་གནོད་འཚེ་ཕོག་མཁན་བློ་ག་གེ་མོ་རྡོ་ག་གེ་མོའི་གཉེན་སྒྲིག་གསོལ་སྟོན་ལ་ཞུགས་ནས་ཆང་རག་བཏུང་རྗེས་སྐལ་ག་གེ་མོ་དང་ཁ་རྩོད་ཤོར། སྐལ་ག་གེ་མོའི་བུ་བསྟན་ག་གེ་མོས་རྩོད་པ་ཤོར་བ་མཐོང་རྗེས་ཕན་ཚུན་འབུད་རྒྱག་གཏོང་རེས་བྱས། བློ་ག་གེ་མོའི་བུ་ཟླ་ག་གེ་མོས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཉི་ག་གེ་མོ་དང་། དགའ་ག་གེ་མོ། སངས་ག་གེ་མོ་བཅས་རོགས་པ་ཁྲིད་དེ་སྐལ་ག་གེ་མོ་བཙལ་ནས་བསྟན་ག་གེ་མོས་དགོངས་དག་ཞུ་དགོས་པའི་རེ་བ་བཏོན། འོན་ཀྱང་སྐལ་ག་གེ་མོ་དང་བུ་བསྟན་ག་གེ་མོས་དགོངས་དག་མ་ཞུས་རྐྱེན་ཕྱོགས་གཉིས་སླར་ཡང་འཛིང་རེས་ཐུག

འཛིང་རེས་བྱེད་པའི་སྐབས་སངས་ག་གེ་མོས་འཁྲིས་སུ་ཡོད་པའི་འཕྲིན་ག་གེ་མོར་ལག་པ་བཀྱགས། འཛིང་རེས་བྱེད་སྐབས་བསྟན་ག་གེ་མོས་ལག་ནང་གི་དབྱུག་པ་བློ་ག་གེ་མོའི་གདོང་ལ་ཐེངས་མང་གཞུས་པས་ཁོ་པ་རང་སར་འགྱེལ། ཟླ་4ཚེས་6ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་སུའོ་ཡིས་གསལ་འབྱེད་བྱས་རྗེས་བློ་ག་གེ་མོའི་ངོ་གདོང་ལ་རྨ་བཟོས་པ་དེ་རིམ་པ་གཉིས་པའི་རྨས་སྐྱོན་ཆུང་རིགས་ཡིན་པའི་གཏན་འབེབས་བྱས།

འདྲི་རྩད་བྱས་རྗེས་ཉེས་གསོག་དོགས་ཅན་བསྟན་ག་གེ་མོས་བློ་ག་གེ་མོར་ཉེས་རྡུང་བཏང་བའི་དོན་དངོས་ངོས་ལེན་ཞུས།

ཟླ་4ཚེས་14ཉིན་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་གསོག་དོགས་ཅན་བསྟན་ག་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་རྒྱག་རེས་རྒྱག་མཁན་གཞན་དག་ཁོངས་གཏོགས་མངགས་གཏོང་ཁང་གིས་ཐག་གཅོད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།