བོད་ལྗོངས་ལྷུན་གྲུབ་རྫོང་གིས་ཞིང་པའི་དགོད་བྲོ་བའི་ལུས་རྩལ་འགྲན་ཚོགས་ཐོག་དམངས་ཀྱི་བསམ་འདུན་ཉན་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2014-12-18 00:15:14

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ།ཟླ་3ཚེས་21ཉིན་གསར་འགོད་པས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4000ལྷག་ཙམ་ཡོད་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོར་བསྐྱོད་སྐབས་ཐག་རིང་ནས་གྲོང་ཚོའི་ནང་གི་དགོད་སྒྲ་རྣ་ལམ་དུ་ཐོས་ཀྱི་འདུགད་བྱེད་དུས་ཆུ་ཁ་བྱང་གྲོང་ཚོས“3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར”རྟེན་འབྲེལ་ཞུ་ཆེད་གཉེར་བའི་ཞིང་པའི་དགོད་བྲོ་བའི་ལུས་རྩལ་འགྲན་ཚོགས་ཐོག་གི་དགོད་སྒྲ་ཡིན་པ་འདྲ།

གྲོང་ཚོའི་དབུས་ཀྱི་ཐང་ཆེན་ཐོག་ཐག་འཐེན་འགྲན་བསྡུར་ཛ་དྲག་ངང་གཉེར་བཞིན་ཡོད་པ་དང་ལོ་65ལ་སོན་པའི་ཨ་མ་བསྟན་འཛིན་མཚོ་མོས་གོས་དར་གཡུག་གིན་ཐག་པ་འཐེན་བཞིན་པའི་བུ་དང་བུ་མོར་ངར་སློང་བཞིན་ཡོད།

ཆུ་ཁ་བྱང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་བདེ་སྐྱིད་ཀྱིས“གྲོང་ཚོ་ཡོངས་ལ་དུད་ཚང་108ཡོད་པ་དང་དུད་ཚང་རེ་ནས‘ལུས་རྩལ་པ’རེ་འགྲན་བསྡུར་ནང་ཞུགས་ཡོད”“དེ་སྔོན་ལོ་གསར་སྐབས་གཞི་ནས་སྟབས་བདེའི་རྟེན་འབྲེལ་བྱེད་སྒོ་རེ་ཟུང་སྤེལ་གྱི་ཡོད།ད་ཆ་འཚོ་བ་ལེགས་སུ་ཕྱིན་པས་མི་སེར་ཚོས་རྒྱུན་དུ་བྱེད་སྒོ་དེ་རིགས་ནང་ཞུགས་འདོད་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

ལོ་53ལ་སོན་པའི་གྲོང་མི་བསྟན་འཛིན་མཚོ་སྐྱིད་ཀྱིས“ལོ་དེ་དག་ནང་ལྷུན་གྲུབ་རྫོང་དུ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་དང་ལྷག་པར་དུ‘རྨང་བརྟན་དམངས་ཕན’གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སླེབས་རྗེས་ཡུལ་མི་སྤུན་ཟླ་ཚོར་བྱ་བ་དངོས་ཧ་ཅང་མང་པོ་བསྒྲུབས་པ་དཔེར་ན།གྲོང་ཚོའི་ནང་རིག་གནས་ཁང་དང་ཞིང་པའི་དཔེ་དེབ་ཁང་བསྐྲུན་པ་མ་ཟད།ད་དུང་བྱ་དེ་གསོ་ཚགས་ཀྱི་རྣམ་གྲངས་དང་བྱེ་རྡོ་ར་བའི་རྣམ་གྲངས་ལག་བསྟར་བྱས་པས་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ཡོད”ཅེས་བཤད།

བྱང་ཁ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུའེ་ཡིས“དེ་སྔ་ཆུ་ཁ་བྱང་གྲོང་ཚོ་ནས་ཤང་སྲིད་གཞུང་བར་གྱི་གཞུང་ལམ་ས་རྡོའི་ལམ་ཡིན་པས་གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་ཞོད་ཚུགས་སྐབས་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད”“ད་ཆ་གྲོང་ཚོ་ནས་ཤང་བར་དང་ཤང་ནས་རྫོང་གྲོང་བར་སྣུམ་ནག་གཞུང་ལམ་བཏིང་ཡོད་པས་མང་ཚོགས་ཕར་འགྲོ་ཚུར་འོང་བྱ་རྒྱུར་ཧ་ཅང་སྟབས་བདེ་བྱུང་ཡོད”ཅེས་བཤད།

ལི་ཧུའེ་ཡིས་ད་ཆ་གྲོང་ཚོའི་མི་སེར་ཚང་མ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་ཏེ་ནད་གཞི་ལྕི་རིགས་ཕོག་སྐབས་སྨན་རིན་གཅིག་གྱུར་གྲབས་གསོག་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད་པ་དཔེར་ན།གྲོང་མི་སྨན་ཁང་དུ་བསྡད་ནས་སྨན་རིན་སྒོར་ཁྲི་གཅིག་སྤྲོད་དགོས་ཚེ་སྨན་རིན་རྩིས་ཞུ་བྱས་རྗེས་རང་ཉིད་ཀྱིས་སྒོར་1000ལྷག་ཙམ་ལས་སྤྲོད་དགོས་ཀྱི་མེད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་། སྐལ་བཟང་བདེ་སྐྱིད་ཀྱིས“ང་ཚོའི་འདི་གར་ས་རྒྱ་ཆེ་ལ་མི་འབོར་ཉུང་ཉུང་ཡིན”དུད་ཚང་རེར་ཆ་སྙོམས་ས་ཞིང་རྒྱ་ཁྱོན་མུའུ་50ལྷག་ཙམ་ཡོད་རུང་ལོ་ལྟར་མུའུ་30ཙམ་ལས་འདེབས་ཐུབ་ཀྱི་མེད།“གནད་དོན་དེ་ཐག་གཅོད་བྱ་ཆེད་གྲོང་ཚོར་བཅའ་སྡོད་ཞིང་ལས་དངུལ་ཁང་གི་ལས་དོན་རུ་ཁག་གིས་ཞིང་འཕྲུལ་ཡོ་ཆས་ཉོ་ཆེད་མ་དངུལ་སྒོར་ཁྲི་10འདུན་ཞུ་བྱས་པ་དང་འཕྲུལ་ཆས་ཀྱིས་ཞིང་ལས་བྱེད་པ་དེ་མི་ལས་ལས་ཆོད་ཧ་ཅང་ཆེ་བ་འདུགན་ནིང་གྲོང་ཚོའི་འབྲུ་རིགས་ཐོན་ཚད་ཆེས་ཆེར་འཕར་ནས་སྤྱི་རྒྱ་ཁྲི་38.7ཟིན་ཡོད”ཅེས་བཤད།    ཆུ་ཁ་བྱང་གྲོང་ཚོར་བཅའ་སྡོད་ཞིང་ལས་དངུལ་ཁང་ལས་དོན་རུ་ཁག་གི་རུ་དཔོན་ཚེ་དབང་སྟོབས་འབྱོར་གྱིས“གོམ་སྟབས་རྗེས་མར་ང་ཚོ་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱིས་གྲོང་མིའི་ཐང་རྒོད་དུ་ལུས་པའི་ས་ཞིང་འཁོར་རྒྱུག་དང་གཅིག་སྡུད་ཐོག་གཅིག་གྱུར་འཆར་འགོད་བྱས་ཏེ་ཚང་མའི་སྣེ་ཁྲིད་ནས་དཔལ་འབྱོར་ཕན་འབྲས་དེ་བས་ཆེ་བའི་བོད་སྨན་གྱི་སྨན་རྒྱུ་བཏབ་སྟེ་ཚང་མ་འབབ་འཕར་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་རྩིས་ཡོད”ཅེས་བཤད།

ཚེ་དབང་སྟོབས་འབྱོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ལོ་དེ་དག་ནང་ལྷུན་གྲུབ་རྫོང་གི“ཡོངས་ཕན་དངུལ་རྩ”མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ད་ཆ་ཤང་ཚང་མར་ཞིང་ལས་དངུལ་ཁང་གི་ལས་གཉེར་ཁང་ཡོད་པ་དང་གྲོང་ཚོ་ཚང་མར་posའཕྲུལ་ཆས་དང་འདྲ་བའི་འཁྱེར་བདེའི་གཱ་སྤྱོད་འཕྲུལ་ཆས་བཙུགས་ཡོད་པས་ས་གནས་དེ་གའི་མི་སེར་དངུལ་སྒྱུར་བ་སོགས་ཀྱི་ལས་སྒོ་གཉེར་སྐབས་ལ་ཀླུང་བརྒལ་ནས་ཤང་ལས་གཉེར་ཁང་དུ་འགྲོ་དགོས་ཀྱི་མེད།

ཚེ་དབང་སྟོབས་འབྱོར་གྱིས“དངུལ་རྩར་བརྟེན་ནས་ཞིང་པར་ཕན་པ་འདོགས་ཆེད་དངུལ་ཁང་ནས‘གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཕན་ཚུན་ཁག་ཐེག’གི་ལམ་སྲོལ་ལ་ཞིབ་འཇུག་བྱེད་བཞིན་ཡོད།ལམ་སྲོལ་དེ་ལག་བསྟར་བྱས་རྗེས་གྲོང་མི་རེས་ལོ་རེར་དངུལ་བུན་མང་ཤོས་ལ་སྒོར་ཁྲི་20ལེན་ཆོགགྲོང་མིར་མ་དངུལ་བྱུང་ན་གྲོང་གསེབ་ཏུ་གཞི་ཁྱོན་ལྡན་པའི་འདེབས་གསོའི་ལས་རིགས་འཕེལ་རྒྱས་གཏོང་ཆོག་ལ་གྲོང་གསེབ་ནས་ཐོན་ཏེ་ཁྲོམ་རའི་འགྲན་རྩོད་ནང་ཞུགས་ཆོག་པས་ཁོང་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།