ལྷུན་གྲུབ་རྫོང་གིས“སློབ་གྲྭར་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པའི”ཆེད་དོན་འཆད་ཁྲིད་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

སློབ་གྲྭའི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་མ་ཚོའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིས་ཉེས་པ་གསོག་རྒྱུ་སྔོན་འགོག་བྱ་ཆེད་ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་རྫོང་དེའི་སློབ་གྲྭ་འབྲིང་ཆུང་ཁག་ཏུ“སློབ་གྲྭར་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པའི”ཆེད་དོན་འཆད་ཁྲིད་བྱས་པ་དང་།སློབ་གྲྭ་ཁག་གིས་ཤང(གྲོང་རྡལ)མངགས་གཏོང་ཁང་གི་ཁྲིམས་ལུགས་སློབ་སྤྱི་གཞོན་པ་དང་ཁྲིམས་ལུགས་ཟུར་ཁྲིད་པ་གདན་དྲངས་ཏེ་སློབ་མ་ཚོར་ཁྲིམས་ལུགས་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་རེད།

ཁྲིམས་ལུགས་སློབ་སྤྱི་དང་ཟུར་ཁྲིད་པ་ཚོས་ཉེ་དུས་རྒྱལ་ནང་དུ་ཐོན་པའི་དཔེ་མཚོན་གྱོད་དཔེ་དྲངས་ནས་རང་མི་སྒེར་ནས་ཁྲིམས་སྲུང་གི་འདུ་ཤེས་འཇགས་པ་བྱེད་པ་དང་།རང་གི་བྱ་སྤྱོད་ལ་མཐོང་ཆེན་དང་མི་གཞན་ལ་བརྩི་འཇོག་བྱེད་པ།གྲོགས་པོ་སྒྲིག་དུས་ཡིད་གཟབ་བྱེད་པ་ལས་རྒྱུ་དངུལ་ལ་འདོད་རྔམ་མི་བྱེད་པ།རང་ངོས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ནས་བཤད་ཁྲིད་བྱས་པས་སློབ་མ་ཚོར་ཁྲིམས་ལུགས་སློབ་གསོ་མི་དམན་པ་ཐོབ་ཡོད་པ་རེད།  ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དགེ་སློབ་ཚོའི་ཁྲིམས་ཤེས་པ་དང་།ཁྲིམས་སློབ་སྦྱོང་།ཁྲིམས་ལ་བརྩི་སྲུང་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་རང་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་པ་རེད།སློབ་གསོ་ཅུས་ཀྱིས་ད་ཐེངས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གོ་སྐབས་སུ་འཛིན་ནས་སློབ་མ་ཚོར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་བཏང་སྟེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།