ལྷུན་གྲུབ་རྫོང་གིས་ཞིང་འབྲོག་ཁུལ་དུ་འོས་འགན་མེ་ཟོན་བདེ་འཇགས་གསོ་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉེ་ཆར་ལྷུན་གྲུབ་རྫོང་སྤྱི་བདེ་མེ་ཟོན་རུ་ཆེན་མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་མི་སྣས་ཁོངས་གཏོགས་ཁུལ་གྱི་ལྕང་ར་ཤར་ཤང་དང་།བརྒྱ་གྲོང་གྲོང་ཚོ།ཐང་མགོ་གྲོང་ཚོ་སོགས་སུ་བསྐྱོད་དེ་འོས་འགན་ངང་ཡུལ་དེ་གའི་ལས་བྱེད་མང་ཚོགས་ཚོར་མེ་ཟོན་བདེ་འཇགས་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་རྫོང་དེའི་མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་མི་སྣས་ཞིང་འབྲོག་ཁུལ་དུ་མེ་སྐྱོན་ཐོན་པའི་ཁྱད་ཆོས་དང་ཆོས་ཉིད་དང་ཟུང་འབྲེལ་དམ་ཟབ་ཀྱིས་གཙོ་གནད་ཐོག་ཞིང་འབྲོག་ཁུལ་གྱི་མེ་སྐྱོན་གྱི་ཁྱད་ཆོས་དང་།མེ་སྐྱོན་གྱི་གནོད་འཚེ།མེ་ཤོར་ཡུལ་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་པ།མེ་ཤོར་མ་ཐག་གི་གསོད་སྟངས།སོག་མའི་མེ་སྐྱོན་སྔོན་འགོག་བཅས་དང་དེ་བཞིན་ཇི་ལྟར་བྱས་ཏེ་ཡང་དག་པའི་ངང་མེ་ཟོན་ཁ་པར་119རྒྱག་པ་སོགས་མེ་ཟོན་བདེ་འཇགས་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ཞིང་འབྲོག་ཁུལ་གྱི་རྒྱུན་མཐོང་མེ་སྐྱོན་ལ་དམིགས་ནས་གཤེར་གཟུགས་དབུགས་རླངས་དང་བུད་ཤིང་ཕུང་པོར་མེ་ཤོར་སྐབས་གསོད་སྟངས་བསླབས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།