འདམ་གཞུང་རྫོང་སྤྱི་བདེ་ཅུས་ཀྱིས་གཙོད་མགོ་གཉིས་ཞིབ་བཤེར་ཐུབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:16

ཟླ་9ཚེས་20ཉིན་འདམ་གཞུང་རྫོང་སྤྱི་བདེ་ཅུས་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་ཉེན་རྟོག་པས་ལྷ་སར་སྐྱོད་མཁན་འཁོར་རིགས་ལ་འཆར་ཅན་ཞིབ་བཤེར་བྱེད་སྐབས་རླངས་འཁོར་གཉིས་ནང་གཙོད་མགོ་བླུགས་ཡོད་པ་ཤེས་རྗེས་ས་ཚིགས་དེའི་མི་དམངས་ཉེན་རྟོག་པས་གཙོད་མགོ་འཁྱེར་མཁན་ཉེན་རྟོག་ཁང་དུ་འཁྲིད་དེ་འདྲི་ཞིབ་བྱས་པ་རེད།

གཙོ་མགོ་འཁྱེར་མཁན་གྱིས་གཙོད་མགོ་ནི་ནག་ཆུ་རྫོང་གི་འབྲོག་པ་ཞིག་གི་ས་ནས་ཉོས་ཏེ་རང་ཁྱིམ་དུ་འཁྱེར་ནས་དྲན་རྟེན་བྱ་རྩིས་ཡོད་ཅེས་བཤད།མི་དེའི་ནོར་འཁྲུལ་ངོས་ལེན་བྱེད་པའི་རྣམ་འགྱུར་ཡག་པོ་ཡོད་པར་བརྟེན་མི་དམངས་ཉེན་རྟོག་པས་མི་དེར་སློབ་གསོ་སྐྱོན་བརྗོད་ནན་པོ་བྱས་ཏེ།གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་གྱི་སྲོག་ཆགས་ཡིན་ཚུལ་གསལ་བཤད་བྱས་པ་མ་ཟད།《བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་བཅའ་འཁྲིམས》ལྟར་གཙོད་མགོ་བཙན་ཉར་བྱས་པའི་དཔང་འཛིན་བྲིས་རྗེས་གཞུང་བཞེས་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།