སྟོད་ལུང་བདེ་ཆེན་རྫོང་གི་ཏང་ཡོན་གྱིས་གཞི་རིམ་དུ་རྩ་བ་ཚུགས་ནས་མང་ཚོགས་ལས་གཏོད་ཐུབ་པ་བྱས་པ།

​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-26 16:25:57

ཉེ་ཆར། སྟོད་ལུང་བདེ་ཆེན་རྫོང་གི་ཏང་ཡོན་ལས་བྱེད་པ་900ལྷག་ཙམ་གཞི་རིམ་དུ་བསྐྱོད་དེ་དམངས་ཀྱི་རེ་བ་ཉན་པ་དང་། གྲོང་ཚོ་དང་ཚོགས་ཆུང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་པ། མང་ཚོགས་ཁྱིམ་དུ་བསྐྱོད་དེ་སེམས་ཁྲལ་སེལ་བ་བཅས་བྱས་ནས་མང་ཚོགས་ཚོས་ཞུས་པའི་གནད་དོན་ཚང་མ་ཐག་གཅོད་དོན་འཁྱོལ་དང་བྱ་བ་ཚང་མར་ལན་ཡོད་པ་བྱས་པ་རེད།

ཁྱིམ་དུ་འཚམས་འདྲི་དང་ལས་གཏོད་ཐུབ་པ་བྱས་ནས་མི་སེམས་རྣལ་དུ་ཕབ་པ་བྱས་ཤིང་། སྟོད་ལུང་བདེ་ཆེན་རྫོང་གི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་དང་ལས་ཁུངས་དང་ཚན་པ་ཁག་གི་བརྟག་ཞིབ་ལས་དོན་ཚོགས་ཆུང་31དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་60ཡིས་ཁག་དབྱེ་ནས་གཞི་རིམ་མང་ཚོགས་ཁྲོད་དུ་བསྐྱོད་དེ་མང་ཚོགས་ཀྱི་རེ་བ་ཉན་པ་དང་། སྤྱི་ཚོགས་གནས་ཚུལ་དང་དམངས་འདོད་ཤེས་རྟོགས་བྱེད་པ། རང་འགུལ་ངང་མང་ཚོགས་ལ་བྱ་བཟང་དང་བྱ་བ་དངོས་སྒྲུབ་པ་བཅས་བྱས་ཡོད། གྲོང་གསེབ་ཀྱི་སྨན་བཅོས་འགན་ལེན་གསར་པ་དང་ཞིང་ཕན་ཁ་གསབ་སོགས་ཀྱི་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་གིས་མང་ཚོགས་ཚོས་དམངས་ཕན་སྲིད་ཇུས་ཤེས་ཚད་མཐོ་རུ་བཏང་ཞིང་། མིག་སྔའི་བར་མང་ཚོགས་དུད་ཚང་11235ལ་འཚམས་འདྲི་བྱས་པ་དང་། ཞིང་འབྲོག་པ་42663ལ་ཁྱབ་པ། བསམ་འཆར་དང་གྲོས་འགོ་ཁག་579བསྡུ་ལེན་བྱས་པ། དུད་ཚང་དུ་འཚམས་འདྲིར་བསྐྱོད་ཚད་98%ཟིན་ཡོད་པ་རེད།

ཆ་སྒྲིག་གཉེན་འཚོལ་དང་ལས་གཏོད་ལ་བརྟེན་ནས་མི་སྣ་གསོ་སྦྱོང་བྱས་ཤིང་། རྫོང་དེའི་སྲིད་འཛིན་གྲོང་ཚོ་30རུ་རྫོང་རིམ་པའི་ལས་བྱེད་པའི་རོགས་སྐྱོར་འབྲེལ་གཏུགས་ས་ཚིགས་བཙུགས་པ་དང་འབྲེལ“ཧྲུའུ་ཅི་ཨང་དང་པོ”དང“ཀྲུའུ་རེན་ཨང་དང་པོ”50ལྷག་ཙམ་མངགས་གཏོང་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་30གཞི་རིམ་དུ་མངགས་པ་རེད། ལས་དོན་ཚོགས་ཆུང་གྲོང་ཚོར་བཅའ་སྡོད་བྱས་ཚུན་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་སྲིད་ཇུས་སྒྲོག་འགྲེལ་ཚོགས་ཆུང་དང་། ཁྲོམ་རའི་ཆ་འཕྲིན་རུ་ཁག རྩལ་ནུས་གསོ་སྦྱོང་རུ་ཁག་བཅས་མྱུར་དུ་བཙུགས་ནས་མང་ཚོགས་ཚོས་ཏང་གི་ཞིང་ཕན་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ཏེ་མང་ཚོགས་ལ་ཁྲོམ་རའི་ཆ་འཕྲིན་མཁོ་འདོན་དང་ཆེད་ལས་ལག་རྩལ་ཤེས་བྱ་མཁོ་འདོན་བྱས་པ་རེད། དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་ལ་འཚམས་འདྲི་བྱས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་50ལྷག་ཙམ་ལ་འཚམས་འདྲི་བྱས་པས་གཞི་རིམ་མང་ཚོགས་ཚོས་རང་གི་སྤུན་མཆེད་ལྟར་གྱི་བརྩེ་སེམས་ཚོར་བ་བྱས་ཡོད་པ་རེད།

ཁྱིམ་ཚང་ཡག་པོ་སྐྱོང་བ་དང་ལས་གཏོད་ལ་བརྟེན་ནས་མི་རྣམས་ཕྱུག་འགྱུར་ཡོང་བ་བྱས་ཤིང་། ཁྱིམ་བཙུགས་ལས་གཉེར་བྱ་རྒྱུ་དེ“ནན་གསུམ་དྲང་གསུམ”ལ་སྐུལ་འདེད་དང“ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པའི”ཆེད་དོན་སློབ་གསོའི་བྱེད་སྒོར་སྐུལ་སྤེལ་གཏོང་བའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩིས་ནས་ཡུལ་བབ་དང་བསྟུན་པ་དང་ཚོགས་ཆུང་ལ་གཞིགས་ནས་ཐབས་ཇུས་ལག་ལེན་བསྟར་ནས་སྟོད་ལུང་བདེ་ཆེན་རྫོང་གི་ཤེས་ལྡན་མི་སྣའི་ལས་དོན་གྱི་གཙོ་གནད་དང་དེ་བཞིན་སྟོད་ལུང་བདེ་ཆེན་རྫོང་གི“ལོ་ལྔ་ཚན་བཅུ་གཉིས་པའི”ཤེས་ལྡན་མི་སྣའི་ལས་དོན་འཆར་འགོད་ལ་དམ་པོར་གཞིགས་ནས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་31གཉེར་ནས་ཤང་གྲོང་ལས་བྱེད་པ་དང་གྲོང་གསེབ་ཀྱི་ཉེར་སྤྱོད་ལག་རྩལ་ཤེས་ལྡན་མི་སྣ་མི་ཐེངས་800ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད། ལས་ཀའི་བཀོད་སྒྲིག་གཞིར་བཟུང་ཞིང་འབྲོག་མང་ཚོགས་ཚོས་ཁ་ཆེ་ཤ་སྐམ་དང་། རྒྱ་སེ་མེ་ཏོག་སོགས་འདེགས་འཛུགས་བྱེད་རོགས་བྱས་པ་དང་དཔལ་འབྱོར་དངོས་ཚན་19བཙུགས་པ། ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་5700ལྷག་ཙམ་རོགས་སྐྱོར་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།