​  སྟོད་ལུང་བདེ་ཆེན་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པའི་སྐོར་གྱི་དངོས་བྲིས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-13 11:10:17

11.jpg

འདི་ནི་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཤང་ཆུ་བཟང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་བཞི་པའི་ལས་དོན་རུ་ཁག(ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་མངགས)གིས་མང་ཚོགས་དང་མཉམ་ཟ་མཉམ་འཐུང་བྱེད་པའི་གནས་ཚུལ་ཡིན་པ།

སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་བཞི་པ་སྤེལ་བ་ནས་བཟུང་། གྲོང་ཚོར་བཅའ་སྡོད་སྟོད་ལུང་བདེ་ཆེན་རྫོང་གི་ལས་དོན་རུ་ཁག་ཁག་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་མངགས་གཏོང་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་འོག་མངགས་བཅོལ་ཆེན་པོ་དང་བརྩེ་སེམས་ཟབ་མོ་འཆང་བཞིན་དུ་གཞི་རིམ་འཐབ་ཕྱོགས་དང་པོར་བསྐྱོད་དེ་འདྲི་རྟོགས་བརྟག་ཞིབ་ནན་ཏན་དང་། ལས་ཀའི་བསམ་ཕྱོགས་གསེད་བཀྲོལ། ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། རང་འགུལ་ཡར་བརྩོན་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་རྗེས་མཐུད་དོ་དམ་ལ་དམ་འཛིན་བཅས་བྱས་ནས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་གཞི་རིམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་ལ་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དམ་འཛིན་ཧུར་ཐག་བྱས་པ།

གྲོང་ཚོར་བཅའ་སྡོད་སྟོད་ལུང་བདེ་ཆེན་རྫོང་གི་ལས་དོན་རུ་ཁག་ཁག་གིས་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཛད་སྤྱོད་པའི་ཞབས་ཞུར་སྐུལ་འདེད་གཏོང་བ། ལས་སྒོ་གསོ་སྦྱོང་། གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་སོགས་དཔལ་འབྱོར་དངོས་གཞི་སྐྱོན་བྲལ་དང་གོ་རིམ་ལྡན་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། བདེ་ཆེན་ཤང་ཆུ་བཟང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་རུ་ཁག་གིས་ཆུ་བཟང་ཆུ་ཚན་གྱི་ད་ལྟའི་འཕེལ་རྒྱས་ཀྱི་རྣམ་པ་དང་སྲོལ་རྒྱུན་གོམས་གཤིས་སོགས་ཀྱི་ཚོད་འཛིན་ཕོག་ནས་གྲོང་མིས་ད་ལྟའི་གྲུབ་འབྲས་ལ་བློ་ཁེངས་ནས་བསྡད་པ་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་མེད་སྟབས་ཁྲོམ་ར་དང་སྦྲེལ་མཐུད་མི་ཐུབ་པའི་གནད་དོན་ལ་དམིགས་ནས་དེང་རབས་ཀྱི་ཁྲོམ་རའི་ཆོས་ཉིད་དང་དེ་བས་འཚམ་པའི་གཉེར་སྐྱོང་བྱེད་སྟངས་བཟོས་པ་དང་འབྲེལ་འཐུས་ཚང་དུ་བཏང་ནས་ཁྲོམ་རའི་འཁོར་རྒྱ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཆེ་རུ་བཏང་ཐོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་བཏང་བ་རེད།

གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དམ་འཛིན་ཧུར་ཐག་བྱས་པ།

གྲོང་ཚོར་བཅའ་སྡོད་སྟོད་ལུང་བདེ་ཆེན་རྫོང་གི་ལས་དོན་རུ་ཁག་ཁག་གིས་ཕྱོགས་གཅིག་ནས“ཆ་རྐྱེན་གཅིག་འཛོམས་ཚེ་དེ་འཕེལ་རྒྱས་གཏོང་བའི”རྩ་དོན་མཐའ་འཁྱོངས་ཀྱིས་འབྱུང་རྩ་ནས་དམ་འཛིན་བྱས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ཤུགས་རྒྱག་ས་དེ་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་བཞག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཆབ་སྲིད་བྱང་ཆུབ་པ་དང་། ལངས་ཕྱོགས་བརྟན་པ། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། བྱ་གཞག་གཏོད་སེམས་དང་འགན་འཁྲི་འཁུར་སེམས་ཆེ་བའི་བློ་མཐུན་ཏང་ཡོན་དཔུང་ཁག་ཏུ་བཅུག་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་བ་རེད། གནས་ཆུང་གྲོང་རྡལ་སྦྱར་རགས་གྲོང་ཚོར་བཅའ་སྡོད་སྟོད་ལུང་བདེ་ཆེན་རྫོང་གི་ལས་དོན་རུ་ཁག་གིས་ཏང་ཞུགས་ཧུར་བརྩོན་ཅན་དང“གསོ་སྐྱོང་གསུམ་”ཟུང་འབྲེལ་བྱས་ཏེ“ཚད་གཞི་མཐའ་འཁྱོངས་དང་། སྤུས་ཚད་འགན་ལེན། གྲུབ་ཆ་ལེགས་གཏོང་། འཕེལ་རྒྱས་གཟབ་ནན”བཅས་ཀྱི་རྩ་དོན་གཞིར་བཟུང་། ཏང་ཡོན་གྱིས་འོས་སྦྱོར་དང་ཚོགས་པའི་རྩ་འཛུགས་ཀྱིས་ཕུལ་བྱུང་མི་སྣ་འོས་སྦྱོར་གཙོ་བོར་བྱེད་པའི་ཐབས་ལམ་ཐོག་ནས་གཞོན་ནུ་ཕུལ་བྱུང་དང་སྔོན་ཐོན་ཅན་གྱི་འོས་སྦྱོར་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ལ་རྒྱུན་ཆད་མེད་པར་སྟོབས་ཤུགས་གསར་པ་བསྣན་པ་རེད།

རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་རྗེས་མཐུད་དོ་དམ་དམ་འཛིན་ཧུར་ཐག་བྱས་པ།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་རྣམ་གྲངས་དམ་འཛིན་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསེད་བཀྲོལ་དང་། འཕེལ་རྒྱས་ཀྱི་ལམ་བུ་གནད་འཁེལ་འཚོལ་བ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་དང་བསམ་བློ་རྟོག་ཞིབ་ཞིབ་ཚགས། བཅའ་སྡོད་གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འཇུར་འགག་དང་རྒྱུ་རྐྱེན་ཁོང་དུ་ཆུད་པ། དམངས་ཕན་རྣམ་གྲངས་བརྩོན་ལེན་ཧུར་ཐག་བཅས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱས་པ་རེད། ཕྱོགས་གཅིག་ནས་རྣམ་གྲངས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་ཟུང་འབྲེལ་མཐའ་གཅིག་ཏུ་བྱེད་པ་དང་འབྲེལ་ཡོད་ལས་སྒོ་སྡེ་ཚན་ནས་རོགས་སྐྱོར་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་ཆུ་ཡུར་དང་། གཞུང་ལམ། འཐུང་ཆུ་སོགས་ཀྱི་དམངས་ཕན་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཕྱོགས་གཞན་ཞིག་ནས་རྣམ་གྲངས་འཁོར་རྒྱུག་དོ་དམ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་བཟོ་བ་དང་འཐུས་ཚང་དུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ཡུལ་བབ་དང་བསྟུན་ནས་རྣམ་གྲངས་འཛུགས་སྐྲུན་སྟེགས་བུར་བྱས་ཏེ་མང་ཚོགས་ཐོན་སྒྱུར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ནས་དམངས་ཕན་རྣམ་གྲངས་ཁག་ཚང་མས་ཤེས་གསལ་དུ་བསྐྲུན་པ་དང་རྣམ་གྲངས་བསྐྲུན་རྗེས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པའི་འགན་ལེན་བྱས་པ་རེད།

སྟོད་ལུང་བདེ་ཆེན་རྫོང་གི་ཤང(གྲོང་རྡལ)དང་གྲོང་ཚོ་ཁག་ཏུ་སྐྱོད་སྐབས་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པར་སྤོབས་ཉམས་ལྡན་པའི་གཏམ་ཤོད་རྒྱུ་མེད་ཀྱང་བྱ་བ་ཆུང་ཙག་རེ་རེའི་ཐོག་ནས་ཁོང་ཚོས་དམངས་གཅེས་དམངས་བཀུར་བྱས་པའི་བརྩེ་སེམས་མཚོན་ཐུབ། ཁོང་ཚོས་ཏང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཚོར་དུ་བཅུག་པ་མ་ཟད། གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཇུས་ཆེན་བཀོད་པ་དེ་ཡང་རྒྱ་ཆེའི་ཞིང་པ་སྤུན་གྲོགས་ལ་ཚོར་དུ་བཅུག་པ་ང་ཚོར་ཚོར་སྣང་ཟབ་མོ་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།