སྟོད་ལུང་བདེ་ཆེན་རྫོང་གིས“གྲོང་གསེབ་ཀྱི་འཆམ་མཐུན་སྐོར་སྐྱོད་ཁྲིམས་ར”འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:53:01

1.jpg

འདི་ནི་སྟོད་ལུང་བདེ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི“གྲོང་གསེབ་ཀྱི་འཆམ་མཐུན་སྐོར་སྐྱོད་ཁྲིམས་རས”རྒུ་རུམ་ཤང་སྣ་མཁར་གྲོང་ཚོར་ཁྲིམས་ར་འཚོག་བཞིན་པ།

འདི་ག་ཚགས་པར་ཁང་དུ་སྟོད་ལུང་ནས་གློག་འཕྲིན་འབྱོར་གསལ། སྟོད་ལུང་བདེ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི“གྲོང་གསེབ་ཀྱི་འཆམ་མཐུན་སྐོར་སྐྱོད་ཁྲིམས་ར”ནི་2009ལོར་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྤྲད་པའི་རླངས་འཁོར་ལ་བརྟེན་ནས་དམངས་ལ་སྟབས་བདེ་སྐྲུན་པའི་ཕྱོགས་བསྡུས་ལམ་སྲོལ་ཞིག་ཡིན། “སྡུམ་ཐུབ་པ་འདུམ་པར་བྱེད་པ་དང་། རང་སར་ཁྲུན་ཐག་གཅོད་ཐུབ་པ་བཅད་པ། སྡུམ་ཆོད་ཟུང་དུ་འབྲེལ་བ། ཁྲུན་ཐག་བཅད་དེ་དཀའ་གནད་སེལ་བ”དང“གྱོད་གཞི་ཡོད་ན་རྩད་གཅོད་དང་། མེད་ཚེ་བཅའ་ཁྲིམས་དྲིལ་བསྒྲགས་བྱ་རྒྱུའི”ལས་དོན་རྩ་དོན་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་གྲོང་ཚོ་དང་ཐེམ་དུད་སོ་སོར་བསྐྱོད་དེ་རང་འགུལ་ངང་ཁྲིམས་འཛིན་བྱས་ནས་འགལ་བ་གྲོང་ཚོའི་ཡུལ་མིའི་སྒོ་ཁར་སེལ་བར་བྱས་པ་རེད།

2009ལོར“གྲོང་གསེབ་ཀྱི་འཆམ་མཐུན་སྐོར་སྐྱོད་ཁྲིམས་ར”བཙུགས་པ་ནས་བཟུང་མི་དམངས་ཁྲིམས་ཁང་གི་ལས་དོན་རིམ་གྱིས་ཚད་ལྡན་གྱི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་དེ། ལས་དོན་གྱི་འགན་ནུས་སྐོར་ཞིབ་གྱོད་སྒྲུབ་དང་། བཅའ་ཁྲིམས་དྲིལ་བསྒྲགས། དམངས་འདོད་ཤེས་རྟོགས་སོགས་ཀྱི་འགན་ནུས་ཁག་ལ་ཁྱབ་ཅིང་། 2015ལོའི་ཟླ་4ཚེས་16ཉིན་བར་གྱོད་གཞི་29གྱོད་ཁོངས་སུ་བཅུག་ནས་ཚང་མ་བསྡུམས་ཤིང་། འཕྲལ་དུ་བསྒྲུབས་པ་20དང་ཞུ་གཏུག་གི་འགྲོ་གྲོན་སྒོར་175སྤྲོད་མི་དགོས་པ་23ཡོད། ཁྲིམས་ཁང་གིས་གྱོད་ཁོངས་སུ་བཅུག་པའི་གྱོད་གཞི་དག་དངུལ་གཡར་བ་དང་། ཉོ་ཚོང་བྱེད་པ། ངལ་རྩོལ་ཐོབ་ཆ་ལེན་རྒྱུ། གཉེན་སྒྲིག ཁྱིམ་མཚེས་འབྲེལ་བ་སོགས་ཀྱི་རྩོད་རྙོག་གཙོ་བོ་ཡིན་ཞིང་། དེ་དག་གིས་ཐག་རིང་མང་ཚོགས་དང་ཕྱི་ནས་འོངས་བའི་ལས་མིའི་ཞུ་གཏུག་གནད་དོན་ཐག་གཅོད་ཐུབ་པར་བརྟེན་མི་དམངས་མང་ཚོགས་ཀྱིས“ཁྲིམས་ར་110”ཞེས་སྙིང་ཉེ་བའི་མིང་ཞིག་བཏགས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།