བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5པེ་ཅིང་དུ་རིན་མེད་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་ཡིན་པ།

མི་དམངས་ཉིན་རེའི་ཚགས་པར།

| 2015-04-13 11:32:33

45.jpg

ཟླ་4ཚེས་10ཉིན་པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཞི་རིམ་དུ་བསྐྱོད་ནས་འོས་འགན་ངང་ནད་བརྟག་སྨན་བཅོས་བྱས་པ་བརྒྱུད་བརྟག་དཔྱད་ཐུབ་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་དོགས་པ་ཡོད་པའི་བྱིས་པ་16བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་ཞིབ་ཚགས་བྱེད་བཞིན་ཡོད་པ་དང་། མིག་སྔར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་7ནད་གཞི་གཏན་འཁེལ་བྱུང་བ་དང་དེའི་ནང་ནས་བྱིས་པ་ལྔ་གཤགས་བཅོས་བྱེད་དགོས་ཀྱི་ཡོད། པེ་ཅིང་བོད་སྐྱོར་སྨན་པ་ལི་ཆན་གྱིས་ཟླ་5པར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ལྔ་པོ་དེ་དག་ཁྲིད་ནས་པེ་ཅིང་དུ་གཤགས་བཅོས་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱིས་པ་16དེ་དག་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པ་དང་སྟོད་ལུང་བདེ་ཆེན་རྫོང་སྲིད་གཞུང་གིས་ཁོ་ཚོའི་སྨན་ཡོན་ཆ་ཚང་སྤྲོད་རྒྱུའི་འགན་འཁུར་རྒྱུ་ཡིན་ཞིང་། འདི་ནི་ཟླ་4ཚེས་5ཉིན་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་མི་དམངས་སྨན་ཁང་དུ་པེ་ཅིང་སྨན་ཁང་གི་སྨན་པ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་ལི་ཆན(གཡོན)གྱིས་ལག་ཐོགས་ཚད་བརྒལ་སྒྲའི་ཡོ་ཆས་ལ་བརྟེན་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་དོགས་པ་ཡོད་པའི་བྱིས་པར་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།