སྟོད་ལུང་བདེ་ཆེན་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

སྟོད་ལུང་བདེ་ཆེན་རྫོང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དེ་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་12ཆོད་པ་དང་། བོད་ཀྱི་དབུས་ལྷོའི་རྒྱུད་དང་། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད། ལྷ་ས་སྐྱིད་ཆུ་དང་སྟོད་ལུང་གཙང་པོའི་ངོགས་གཉིས་སུ་བཅས་སུ་གནས་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་2704.25ཡོད།

2013ལོར་སྟོད་ལུང་བདེ་ཆེན་ཁོངས་སུ་གྲོང་རྡལ་2དང་ཤང་5ཡོད།སྟོད་ལུང་བདེ་ཆེན་རྫོང་གི་མི་འབོར་ཁྲི་4ཟིན་པ་དེའི་ནང་རྒྱ་རིགས་དང་། བོད་རིགས། མེའོ་རིགས། ཧུའེ་རིགས་སོགས་ཡོད།

2013ལོར་སྟོད་ལུང་བདེ་ཆེན་རྫོང་གི་གཏེར་རྫས་ཐོན་ཁུངས་གཙོ་བོའི་གྲས་སུ་རྡོ་སོལ་དང་། ལྕགས། མྱགས་ས། ཞ་ཉེ། ཏི་ཚ་སོགས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་གཙོ་བོ་གནའ་བ་དང་། གླ་བ། གཟིག་ཁྲ་ཐིག་ཅན། དྲེད་མོང་། ཤ་བ། དབྱར་རྩྭ་དགུན་འབུ། ཨ་བི་ཁ་ཞན་པ། ཀླུ་བདུད་རྡོ་རྗེ་བཅས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།