ཚན་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ལམ་བུ་བཤངས།

མི་དམངས་ཉིན་རེའི་ཚགས་པར།

| 2018-07-23 16:47:21

QQ截图20180723162708.png

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་རྒྱལ་ཁབ་རིམ་པའི་ཞིང་ལས་སྒྱུར་བཅོས་ཚོད་ལྟའི་རྫོང་དང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ལ་བརྟེན་ནས་མཉམ་འདྲེས་ལམ་ལུགས་ཀྱི་ཁེ་ལས་གཞི་རྟེན་དུ་བྱས་ཏེ་ས་གཙང་བདེ་ཐང་ཐོན་ལས་ཧུར་ཐག་བཏོད་དེ་ཞིང་ལས་ལ་ཐོན་འཕར་དང་མང་ཚོགས་ལ་འབབ་འཕར་ཡོང་བ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ཆུ་ཤུར་རྫོང་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་ལས་དོན་མི་སྣ་1300ལྷག་ཙམ་ཡོད་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་6000ཡན་བྱུང་ནས་མང་ཚོགས་དབུལ་པོ་249གནད་སྨིན་དབུལ་སྒྲོལ་ཐུབ་སྟེ་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ཡང་ཤེས་ནས་ཕྱུག་འགྱུར་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་ཐུབ་ཅིང་། འདི་ནི་ཐོན་ལས་གླིང་གི་ཞིང་ལས་ལག་རྩལ་པས་ས་གནས་དེ་གའི་མང་ཚོགས་ལ་འབྲས་བུ་འདོགས་འགོ་ཚུགས་པའི་ཁམ་བུར་ཤུབས་གཡོག་སྟངས་སློབ་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།