ལྷ་ས་བར་སྐོར་ཚོང་གྲོང་གི་ལོ་གསར་མཁོ་ཆས་ཁྲོམ་བཀྱག་500ནང་གི་90%ཐོག་ཁྲོམ་བཏོན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-02-14 11:40:43

QQ截图20170214112909.png

འདི་ནི་ཉེ་ཆར་ཆུ་ཤུར་རྫོང་གི་མང་ཚོགས་ཀྱིས་ས་གནས་དེ་གའི་ལོ་གསར་མཁོ་ཆས་ཁྲོམ་ར་ནས་མྱང་ཞྭ་ཉོ་བའི་གནས་ཚུལ་ཡིན་པ།

བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་ཚང་མས་ལོ་གསར་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཚེས་9ཉིན་གསར་འགོད་པས་ལྷ་ས་བར་སྐོར་ཚོང་གྲོང་ནས་ལོ་གསར་མཁོ་ཆས་ཉོ་བར་ཡོང་མཁན་གྲོང་མི་མང་པོ་མཐོང་བྱུང་། བར་སྐོར་ཚོང་གྲོང་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་གསར་འགོད་པར། ཟླ་1ཚེས་26ཉིན་ལོ་གསར་མཁོ་ཆས་ཁྲོམ་ར་དངོས་སུ་སྒོ་ཕྱེ་བ་ནས་བཟུང་། དེ་གར་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་མཁན་རྒྱུན་ཆད་ཀྱི་མི་འདུག མིག་སྔར་ཉིན་རེར་ཆ་སྙོམས་ཉོ་མཁན་ཡོང་ཚད་ཁྲི་4ཙམ་ཟིན་པ་དེ་ཟླ་བ་གོང་མ་ལས་ཇེ་མང་དུ་སོང་འདུག་ཅེས་བཤད་བྱུང་།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་གསར་མཁོ་ཆས་ཁྲོམ་རར་ཁྲོམ་བཀྱག་500ཡོད་པ་དང་མིག་སྔར་ཁྲོམ་འདོན་ཚད་90%ཡན་ཟིན་ཡོད།

བར་སྐོར་ཚོང་གྲོང་དོ་དམ་ཁྲུའུ་ཡིས་དེ་སྔའི་ཉམས་མྱོང་དང་ཉོ་མཁན་གྱི་དགོས་མཁོར་གཞིགས་ནས་ལོ་གསར་མཁོ་ཆས་ཀྱི་ཁྲོམ་བཀྱག་དག་བྱི་རིལ་དང་ཤིང་ཏོག་སྐམ་པོ་དང་། ཁ་ཟས་དང་ཕྱེ་མར་འབོ། མར་སོགས་ས་ཁོངས་གསུམ་ལ་ཕྱེ་ཡོད། དེའི་ནང་Bཁུལ་གྱི་ཐོག་སོ་གསུམ་པ་ནི་བྱི་རིལ་དང་ཤིང་ཏོག་སྐམ་པོ་འཚོང་ས་ཡིན་པར་ཁྲོམ་བཀྱག་250ལྷག་ཙམ་ཡོད་པས་ཁྲོམ་བཀྱག་ཡོངས་ཀྱི་50%བཟུང་ཡོད། གཞན་ཡང་Bཁུལ་གྱི་ཐོག་སོ་དང་པོ་ནི་ཁ་ཟས་དང་། ཕྱེ་མར་འབོ། ལོ་གསར་ཆ་ཡིག ཤམ་བུ་སོགས་འཚོང་ས་དང་Aཁུལ་གྱི་ཐོག་སོ་གསུམ་པ་ནི་མར་དང་ལོ་ཕུད་འཚོང་ས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།