སྨར་ཁམས་རྫོང་གིས“བཅོས་སྒྲིག་གསུམ”གྱི་ཐོག་ནས་སྤྱོད་ཚུལ་སྒྱུར་བ་དང་སྲོལ་གསར་བཏོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-07-08 12:29:08

སྨར་ཁམས་རྫོང་གིས“བཅོས་སྒྲིག་གསུམ”གྱི་བྱེད་ཐབས་ཐོག་ནས་ལས་བྱེད་པའི་སྤྱོད་ཚུལ་གནད་དོན་བཅོས་སྒྲིག་ནན་པོ་བྱ་རྒྱུ་ལྟེ་བར་བྱས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོའི་སྤྱོད་ཚུལ་སྒྱུར་བའི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

“རྩོམ་སྲོལ་དང་ཚོགས་སྲོལ”གྱི་གནད་དོན་བཅོས་སྒྲིག་བྱས་པ། སྨར་ཁམས་རྫོང་གིས“བྱེད་ཐུབ་པ་གསུམ”(གཏམ་བཤད་ཀྱི་ནང་དོན་ཐད་འགག་རྩ་དམ་འཛིན་བྱས་ནས་གཏམ་ལ་དོན་ཡོད་པ་དང་། གསུང་བཤད་གནད་ལ་འཁེལ་བ། ཚོགས་འདུར་ཕན་འབྲས་ཐོན་རྒྱུ་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན)གྱི་བླང་བྱ་གཞིར་བཟུང་། གཏམ་བཤད་ཐུང་ཐུང་བྱ་རྒྱུ་སྲོལ་གཏོད་ཀྱིས་རྫོང་ཡོངས་ཀྱི་ལས་ཁུངས་ཚན་པའི་ཡིག་ཆ་དང་འགོ་ཁྲིད་ལས་བྱེད་པའི་གསུང་བཤད་ཁ་གསལ་ཚད་ལྡན་ཡོང་བ་བྱས་པ་རེད། མིག་སྔའི་བར་སྨར་ཁམས་རྫོང་གི་ཚོགས་འདུ་ཁུ་བསྡུ་བྱེད་ཚད་21.75%ཟིན་པ་དང་ཡིག་ཆ་ཁུ་བསྡུ་བྱེད་ཚད་24%ཟིན་ཁར་རྩོམ་སྲོལ་དང་ཚོགས་སྲོལ་ལ་འགྱུར་ལྡོག་བྱུང་ཡོད་པ་རེད།

འཕྲོ་བརླག་གཏོང་བའི་སྣང་ཚུལ་ལ་བཅོས་སྒྲིག་བྱས་པ། གཞུང་ཞབས་པའི་སྣེ་ལེན་དོ་དམ་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཤིང་། 2015ལོ་ནས་བཟུང་། གོང་རིམ་ལས་དོན་ཚོགས་ཆུང་གི་ཟ་ཆས་རྫོང་ལས་ཁུངས་ཀྱི་ཟ་ཁང་དུ་བཀོད་སྒྲིག་གང་ཐུབ་བྱེད་པ་དང་ཕྱིར་ཟ་བར་འགྲོ་དགོས་ན་འགོ་ཁྲིད་གཙོ་བོར་དགོངས་སྐོར་སྙན་སེང་ཞུ་བ་དང་། ལྟོ་ཆས་ཀྱི་ཚད་གཞི་གཏན་འཁེལ་བྱས་ཏེ་གཞུང་ཞབས་པའི་སྣེ་ལེན་ཞུ་བའི་འཛད་སྤྱོད་ཀྱི་ཚད་གཞི་དོན་འཁྱོལ་ནན་ཏན་བྱས་པའི་ཐོག ཨ་རག་དང་ཐ་མག་རྩིས་ཞུ་མི་བྱེད་པར་ལྟ་སྐུལ་དོ་དམ་ལ་གཞི་འཛིན་ས་ཡོད་པར་བྱས་ཤིང་། གཞུང་ཞབས་པའི་སྣེ་ལེན་རྩིས་ཞུའི་ལམ་ལུགས་ལ་ནན་པོར་གཞིགས་ནས་ཚན་པ་ཁག་གི་ནོར་དོན་དོ་དམ་ཚད་ལྡན་དུ་བཏང་བ་དང་སྣེ་ལེན་ཟ་སྤྱོད་སྤ་སེའི་ཁྲིམས་མཐུན་རང་བཞིན་དང་།དངོས་ཡོད་རང་བཞིན། ཆ་ཚང་རང་བཞིན་བཅས་ལ་ཞིབ་བཤེར་ནན་པོ་བྱས་ཡོད། རྩིས་བཤེར་ལྟ་སྐུལ་ལ་གཞིགས་ནས་སྣེ་ལེན་གྱི་གཏོང་ཡོང་དང་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་ཚན་པར་གཙོ་གནད་ཐོག་རྩིས་བཤེར་བྱས་ཅིང་། ཟླ་བཞི་པའི་ཟླ་མཇུག་བར་སྨར་ཁམས་རྫོང་གི་གཞུང་ཞབས་པའི་སྣེ་ལེན་གྲོན་དངུལ་སྒོར་ཁྲི་4.16ཉུང་དུ་ཕྱིན་ནས་33.6%ཆག་ཡོད།

གཞུང་འཁོར་ཐད་ཀྱི་སྣང་ཚུལ་བཅོས་སྒྲིག་བྱས་པ། 《གཞུང་འཁོར་སྒེར་སྤྱོད་བྱ་མི་ཆོག་པའི་སྐོར་གྱི་ཛ་དྲག་གི་བརྡ་ཐོ》དང《རླངས་འཁོར་དོ་དམ་དང་ཁ་ལོ་བར་དོ་དམ་བྱེད་པའི་སྨར་ཁམས་རྫོང་གི་གནས་སྐབས་ལག་བསྟར་བྱེད་ཐབས》གཤམ་སྤེལ་བྱས་ཏེ་འབྱུང་རྩ་ནས་གཞུང་འཁོར་དོ་དམ་ནན་པོ་མེད་པ་དང་། འགན་འཁྲི་གསལ་པོ་མེད་པ། ལས་ཆོད་དམའ་བ། མ་གནས་མཐོ་བ། རླངས་འཁོར་ཉོ་བའི་ཞིབ་མཆན་ནན་པོ་མེད་པ། འགྲོ་གྲོན་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཚན་རིག་དང་། ལུགས་མཐུན། ཚད་ལྡན་བཅས་ཀྱི་རླངས་འཁོར་དོ་དམ་ལམ་སྲོལ་བཙུགས་ཤིང་། རྫོང་སྒྲིག་ཨུད་ཀྱིས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་གཞུང་འཁོར་200ལ་གཅིག་གྱུར་ཐོག་མཚོན་རྟགས་སྦྱར་བ་དང་ལྟ་སྐུལ་ཐེར་འདོན་གྱི་ཁ་པར་ཁྱབ་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་བཞིན་ཡོད་པ་རེད། ལས་ཁུངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱིས་རླངས་འཁོར་གཏོང་བའི་གོ་རིམ་ཚད་ལྡན་དུ་བཏང་བའི་ཐོག་ཆོག་མཆན་འགོད་པའི་ལྷུ་ཚིགས་ནན་དུ་བཏང་ཞིང་། རླངས་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་འབྲེལ་ཁ་ལོ་བའི་གསོ་སྐྱོང་ལ་ཤུགས་བརྒྱབ་པ་རེད། ཟླ་བཞི་པའི་ཟླ་མཇུག་བར་རྫོང་ཡོངས་ཀྱི་གཞུང་འཁོར་གྱི་འགྲོ་གྲོན་སྒོར་ཁྲི་19.9ཉུང་དུ་ཕྱིན་ནས་གཞུང་འཁོར་སྒེར་སྤྱོད་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།