རི་བོ་ཆེ་རྫོང་གིས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་བཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-02 12:13:46

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། རི་བོ་ཆེ་རྫོང་གིས“ཉིན་365ཡི་ཏང་ཡོན་ཐུག་འཕྲད་ཚོམས་ཆེན”གྱི་ལས་སྟེགས་གཏོད་པ་དང་། བྱ་ཐབས་སྣ་མང་སྤྱད་དེ་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་གཏོད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ་བཅས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞབས་འདེཌ་ཞུ་ཤུགས་ཆེ་རུ་བཏང་ཞིང་། རྒྱུན་སྡོད་སྣེ་ལེན་དང་། འབྲེལ་གཏུག་ཆ་སྒྲིག འདྲི་རྩད་བརྟག་ཞིབ་བཅས་ཀྱི་ལམ་ལུགས་བཙུགས་ནས། ལོ་གཅིག་ཉིན་མོ་365ཚང་མར་ཏང་ཡོན་ཐུག་འཕྲད་ཉིན་མོར་གཏན་འཁེལ་གྱིས་ཉིན་ལྟར་ཕུལ་བྱུང་གུང་ཁྲན་ཏང་ཡོན་གཉིས་མང་ཚོཌ་ལ་སྣེ་ལེན་ཞུ་བར་བཀོད་སྒྲིག་བྱས་པ་དང་། འདི་ལོ་ཚུན་དུ་ཁྱོན་མང་ཚོཌ་མི་ཐེངས་60ལ་སྣེ་ལེན་ཞུས་པ་དང་མང་ཚོགས་ལ་དཀའ་གནད་ཁག་30སེལ་རོཌ་བྱས་པ་རེད། “ཉིན་365ཡི་ཏང་ཡོན་ཐུག་འཕྲད་ཚོམས་ཆེན”གྱི་ཏང་ཡོན་རེས་མང་ཚོཌ་3ནས་5བར་ལ་འབྲེལ་གཏུག་བྱ་རྒྱུའི་གཏན་འཁེལ་བྱས་ནས། ལོ་ལྟར་ཆ་སྒྲིག་བྱ་ཡུལ་དུ“སྙིང་གཏམ་ཤོད་རེས་ཐེངས་གཅིག་དང་། འདྲི་རྩད་དང་འཚམས་འདྲི་ཐེངས་གཅིག སྣེ་ལེན་སྐོང་འདྲི་ཐེངས་གཅིག”བཅས“གཅིག་རེ་གསུམ”གྱི་བྱེད་སྒོ་སྤེལ་ཡོད་པ་རེད།

འགན་ལེན་འཐུས་སྒོ་ཚང་དུ་བཏང་ནས་གོ་རིམ་ཚད་ལྡན་དུ་གཏོང་རྒྱུའི་འགན་ལེན་བྱས་ཤིང་། རྫོང་དེས“ཉིན365ཡི་ཏང་ཡོན་ཐུག་འཕྲད་ཚོམས་ཆེན”ལ་ཆེད་འགན་ཁུར་མཁན་གྱི་འབྲེལ་གཏུག་པ་གཅིག་བཀོད་སྒྲིག་བྱས་པ་དེས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་དང་ལེགས་སྒྲིག་བྱ་རྒྱུའི་འགན་ཁུར་བ་མ་ཟད། དང་བླངས་ཞབས་ཞུ་རུ་ཁག་གཅིག་བཙུགས་ནས་གཞི་རིམ་མང་ཚོགས་ཀྱི་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་ཀྱང་བྱས་ཡོད་པ་རེད། སྣེ་ལེན་ལས་དོན་ཚད་ལྡན་དུ་བཏང་སྟེ་སེམས་སྦྲེལ་གཱ་དང་། འབྲེལ་གཏུག་ཟིན་བྲིས་དེབ། ཚོགས་འདུའི་ཟིན་བྲིས་དེབ་སོཌ་བཟོས་ནས་ཏང་ཡོན་གྱི་སྣེ་ལེན་ཡོངས་བསྒྲགས་བྱས་པ་མ་ཟད། ཟིན་བྲིས་ཞིབ་ཕྲ་བརྒྱབ་ཡོད།

མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་ནང་དོན་ཟབ་ཏུ་བཏང་ཞིང་། རྫོང་དེས་སྣེ་ལེན་དང་འདྲི་རྩད་གཉིས་ཏང་ཡོན་གྱི་གདོང་ལེན་ཁས་ལེན་དང་སྔོན་ཐོན་དཔེ་བཟང་འདེམས་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་ཡོན་སློབ་སྦྱོང་དང་འདྲི་རྩད་སོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཏང་ཡོན་གྱིས་རང་འགན་གཙང་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།