རི་བོ་ཆེ་རྫོང་གིས་སྨན་རྫས་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་བདེ་ཐང་འགན་ལེན་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:24

ཞིང་འབྲོག་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་འགན་ལེན་བྱེད་ཆེད།ཉེ་ཆར་རི་བོ་ཆེ་རྫོང་གིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་ཀྱིས་རྫོང་དེ་ཡོངས་ཀྱི་ཤང(གྲོང་རྡལ)10ཡི་མཛོད་ཉར་སྨན་རྫས་ལ་གཙང་བཤེར་བྱས་ནས་དུས་ཚོད་ཡོལ་བའི་སྨན་རྫས་བསྡོམས་རིགས་110གཙང་སེལ་བྱས་ཤིང་།དེའི་ནང་རྫོང་མི་དམངས་སྨན་ཁང་དུ་དུས་ཚོད་ཡོལ་བའི་སྨན་རྫས་རིགས་27དང་ཤང(གྲོང་རྡལ)ཁག་གི་འཕྲོད་བསྟེན་ཁང་ནས་དུས་ཚོད་ཡོལ་བའི་སྨན་རྫས་རིགས་83གཙང་སེལ་བྱས་པ་རེད།གཙང་བཤེར་བྱས་པའི་དུས་ཚོད་ཡོལ་བའི་སྨན་རྫས་དེ་དག་མཛོད་འཇུག་མཛོད་ཉར་གྱི་ཐོ་འགོད་བྱས་རྗེས་ཤང“གྲོང་རྡལ”ཁག་གི་མི་དམངས་སྲིད་གཞུང་དང་།རྫོང་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས།རྫོང་འཕྲོད་བསྟེན་ཅུས་བཅས་ཀྱི་ལྟ་སྐུལ་འོག་གཅིག་སྡུད་ཐོག་ས་སྦས་བཏང་ནས་མེད་པ་བཟོས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།