ལྷོ་རོང་རྫོང་དམར་རི་གྲོང་རྡལ་ཝ་སྒོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིའི་ཐོན་སྐྱེད་ཀྱི་དཀའ་ངལ་སེལ་རོགས་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-31 11:08:28

རང་སྐྱོང་ལྗོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཚུན། ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་དམར་རི་གྲོང་རྡལ་ཝ་སྒོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་མངགས་གཏོང་བྱས)གིས་དམངས་ཀྱི་གནས་ཚུལ་ཞིབ་བཤེར་དང་། དམངས་ཀྱི་དཀའ་ངལ་སེལ་རོགས། དམངས་ཀྱི་སེམས་ཁྲལ་ཐག་གཅོད་བྱ་རྒྱུ་བཅས་མངོན་གསལ་དོད་པའི་གནས་སུ་བཞག་པ་དང་འབྲེལ་མང་ཚོཌ་ཀྱི་དགོས་མཁོ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དམིགས་ཚད་དང་ཁ་ཕྱོཌ་སུ་བརྩིས་ཏེ་བཅའ་སྡོད་གྲོང་ཚོའི་མང་ཚོཌ་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།

ཝ་སྒོ་གྲོང་ཚོ་ནི་ས་མ་འབྲོག་ཁུལ་ཞིག་ཡིན་པ་དང་དུད་ཚང་110དང་མི་1060ཡོད་ལ་རྨོ་ཞིང་མུའུ་1200ཡོད་པ་དང་ནས་དང་ཉུང་མ་སོགས་འདེབས་ཀྱི་ཡོད། གྲོང་ཚོ་དེ་ཐག་རིང་དུ་གནས་པ་དང་ཡོང་འབབ་ཀྱང་མེད་པར་བརྟེན། གྲོང་མིས་ཞིང་འཕྲུལ་ཡོ་ཆས་ཉོ་ཐབས་བྲལ་ནས་སྔར་བཞིན་སྲོལ་རྒྱུན་ལག་ཆར་བརྟེན་ནས་རྨོ་ལས་བྱེད་པས་བསྡུ་འབབ་ཉུང་ཉུང་ཡིན། དམངས་ཚོགས་ཁྲོད་བསྐྱོད་དེ་བརྟག་དཔྱད་བྱས་པ་བརྒྱུད། རྒྱ་ཆེའི་གྲོང་མིས་སྲོལ་རྒྱུན་གྱི་རྨོ་ལས་བྱེད་སྟངས་བསྒྱུར་ནས་ཞིང་ལས་འཕྲུལ་ཆས་ལ་བརྟེན་རྒྱུའི་འདུན་པ་དྲག་པོ་ཡོད་པ་ཤེས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་2013ལོའི་དམངས་ཆེད་དོན་སྒྲུབ་ཀྱི་གྲོན་དངུལ་བཏང་ནས་ཞིང་རྨོའི་འཕྲུལ་འཁོར་བཅུ་ཉོས། འོན་ཀྱང་ཞིང་རྨོའི་འཕྲུལ་འཁོར་ཉུང་བར་བརྟེན་མང་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ཁར་གང་འདྲ་བྱས་ཏེ་བགོ་བཤའ་རྒྱག་རྒྱུ་དེ་གྲོང་ཚོའི་དཀའ་གནད་ཅིག་ཏུ་གྱུར། རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ཕྱོགས་མང་དང་མཐུན་སྦྱོར་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཞིང་ལས་གསར་སྤེལ་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་བྱས་པ་བརྒྱུད་དབུལ་སྐྱོར་ཆེད་དངུལ་སྒོར་ཁྲི་16ལྷག་ཙམ་བཏང་བ་དེ་དག་ཚང་མ་ཞིང་རྨོའི་འཕྲུལ་ཆས་ཉོས་པ་རེད།

ཉིན་ཤས་གོང་དབུལ་སྐྱོར་ཆེད་དངུལ་བཏང་ནས་ཉོས་པའི་ཞིང་རྨོའི་འཕྲུལ་ཆས་30ཐོག་དེ་གོང་ཉོས་པའི་འཕྲུལ་ཆས་10ཡོད་པ་དེ་དག་རིན་མི་དགོས་པར་མང་ཚོགས་ལ་སྤྲད་པར་བརྟེན་མང་ཚོགས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་ཕྱིན་པའི་ཁར་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཀྱང་མཐོ་རུ་སོང་ཞིང་། གྲོང་ཚོའི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།