ལྷོ་རོང་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

 ལྷོ་རོང་རྫོང་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ཆབ་མདོ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་དཔའ་ཤོད་རྫོང་དང་ཆུ་བོ་གཅིག་གིས་ཆོད་པ་དང་། ལྷོ་སྤོ་བོ་རྫོང་དང་འབྲེལ་བ།

ནུབ་དཔལ་འབར་རྫོང་དང་འབྲེལ་བ། བྱང་སྟེང་ཆེན་དང་རི་བོ་ཆེ་རྫོང་གཉིས་དང་འབྲེལ་ཡོད། རྫོང་མི་དམངས་སྲིད་གཞུང་རྫི་ཐོ་གྲོང་རྡལ་དུ་གནས་ཡོད།

རྫོང་ཡོངས་སུ་གྲོང་རྡལ་4དང་། ཤང་7 སྲིད་འཛིན་གྲོང་ཚོ་65 གྲོང་ཚོ་ཨུ་ལྷན་1བཅས་ཡོད།

2000ལོར་ལྷོ་རོང་རྫོང་ཁོངས་སུ་གྲོང་རྡལ་2དང་ཤང་9ཡོད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། རྫོང་ཡོངས་སུ་སྤྱིའི་མི་འབོར་41144ཡོད།

ལྷོ་རོང་རྫོང་གི་གཏེར་ཐོན་ཐོན་ཁུངས་གཙོ་བོའི་གྲས་སུ་གསེར་དང་། ཟངས། ཞ་ཉེ། ལྕགས། ཏི་ཚ་དཀར་པོ། དངུལ་ཆུ། སེན་གཤའ། ཅོང་ཞི། རྡོ་ཀ་མ་རུ་སོགས་ཡོད།

དེའི་ནང་གི་ཞབས་གཡས་ཟམ་པའི་རྡོ་ཀ་མ་རུའི་གཏེར་ས་དེ་ཉིད་སི་ཁྲོན་པའོ་ཤིང་རྫོང་གི་རྡོ་ཀ་མ་རུ་དང་དོ་ཟླ་བྱས་ཆོག

བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐོན་ཁུངས་གཙོ་བོའི་གྲས་སུ་གླ་བ་དང་འབྲོང་སོགས་རིགས་བཅུ་གྲངས་ཡོད་པ་དང་འཛམ་གླིང་ཐོག་གི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་འདབ་ཆགས་ཏེ།

བྱ་གོང་མོ་རྫོང་ཁོངས་ཀྱི་མཐོ་གྲང་ས་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།