ཆབ་མདོར་ཆུ་འཐག་བསྐྲུན་ནས་མིག་མཐོང་ལག་ཟིན་ཐུབ་པའི་དམངས་འཚོའི་བྱ་བ་སྒྲུབ་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

2015ལོར་སླེབས་སྐབས་ཆུ་འཐག་ཁང་གསར་པ་1647གསར་འཛུགས་དང་ཆུ་འཐག་ཁང་513ཉམས་གསོ་དང་སྒྱུར་བཀོད་བྱ་རྒྱུ་ཡིན་པ།  

རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཆུ་འཐག་ཁང་གསར་འཛུགས་དང་ཉམས་གསོ་བྱེད་ཆེད་མ་དངུལ་སྒོར་དུང་ཕྱུར་2.7ལྷག་ཙམ་བཏང་ནས་ཆུ་འཐག་ཁང་འཛུགས་སྐྲུན་ལ་སྤྱོད་རྒྱུ་ཡིན་ཞིང་།མིག་སྔར་ཆུ་འཐག་ཁང་ཁག་དང་པོ་110བརྒྱབ་ཟིན་པ་དང་ཁག་གཉིས་པ་220རྒྱག་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོ་ཆབ་མདོས་དམངས་འཚོའི་ཆུ་འཐག་ཁང་500བསྐྲུན་ནས་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་500འཕར་ཐབས་བྱ་རྒྱུ་ཡིན་པས།མང་ཚོགས་རྩམ་པ་འཐག་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་ལས་སྣོན་གྱི་མ་གནས་ཆུང་དུ་དང་དུས་ཚོད་ཀྱང་གྲོན་ཆུང་ཐུབ་རྒྱུ་རེད།

ཆབ་མདོ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གིས་ལྷོ་རོང་དང་།དཔལ་འབར།འཇོ་མདའ།གོ་འཇོ།དཔའ་ཤོད།ཆབ་མདོ་སོགས་རྫོང་གི་སྔར་ཡོད་ཆུ་འཐག་ཁང་དང་རྩམ་པ་ལས་སྣོན་གྱི་ཁེ་ལས་ལ་བརྟག་དཔྱད་དང་མང་ཚོགས་ཀྱི་བསམ་བློ་གཏོང་ས་ཤེས་རྟོགས་བྱས་ཏེ་དུས་ཡུན་རིང་པོའི་ནང་ཆུ་འཐག་ཁང་ཉམས་གསོ་མི་བྱུང་བ་དང་།ལས་སྣོན་ལས་ཕྱོད་དམའ་བ།མང་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ས་ཁུལ་ཡོངས་ཀྱི་ཆུ་འཐག་ཁང་གསར་འཛུགས་དང་ཉམས་གསོའི་ལས་ཀའི་ཇུས་གཞི་བཏོན་ནས་2015ལོའི་ལོ་མཇུག་བར་ཆུ་འཐག་ཁང་1647གསར་འཛུགས་དང་ཆུ་འཐག་ཁང་513ཉམས་གསོ་བྱ་རྒྱུ་ཡིན་པ་དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.7ལྷག་ཙམ་གཏོང་རྒྱུ་རེད།

ཆབ་མདོ་ས་ཁུལ་གྱིས་ཆུ་ཤུགས་དང་གློག་ཤུགས་མི་འདྲ་བར་གཞིགས་ཏེ་རུ་བཞི་ཤང་གཡོ་རི་གྲོང་ཚོའི་ཆུ་འཐག་ཁང་དང་དགུ་རུ་གྲོང་རྡལ་ཆུ་ཉིན་གྲོང་ཚོར་གློག་འཐག་དཔེ་སྟོན་ས་ཚིགས་གཉིས་བཙུགས་ནས་རྫོང་ཁག་གི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།ཁག་དང་པོར་རྫོང་ཁག་ནས་དཔེ་མཚོན་གྱི་སྲིད་འཛིན་གྲོང་ཚོ་10ཙམ་བདམས་ཏེ་ཚོད་ལྟའི་ཆུ་འཐག་ཁང་110རྒྱག་རྒྱུ་དང་།ཁག་གཉིས་པར་རྫོང་ཁག་ལ་ཁྱོན་བསྡོམས་ཆུ་འཐག་ཁང་220རྒྱག་རྒྱུ་ཡིན་པ་དེ་2013ལོའི་ཟླ་9པར་ལས་འགོ་བཙུགས་ཡོད་པ་རེད།

ཆབ་མདོ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གིས་རྫོང་ཁག་གི་རྣམ་གྲངས་ས་ཚིགས་སུ་ལག་རྩལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཐེངས་མང་སྐྱོད་པ་དང་འབྲེལ།འཛུགས་སྐྲུན་བྱེད་རིང་ལྷག་པའི་གནད་དོན་ཐད་ཐག་གཅོད་བསམ་འཆར་དུས་ཐོག་ཏུ་བཏོན་ནས་རྣམ་གྲངས་བདེ་བླག་ངང་སྒྲུབ་ཕྱིར་ཆ་རྐྱེན་བསྐྲུན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།