འཇོ་མདའ་རྫོང་གི་ཐོན་ལས་དབུལ་སྒྲོལ་ལས་དོན་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-02 12:11:54

༤.png

2014ལོར་འཇོ་མདའ་རྫོང་གིས་མ་དངུལ་སྒོར་ཁྲི་345.36བཏང་ནས་དབོན་པོ་སྟོད་ཤང་ལེ་མ་གྲོང་ཚོར་བ་གླང་གསོ་ཚགས་རྟེན་གཞི་བསྐྲུན་པ་དང་། མིག་སྔའི་བར་རྟེན་གཞི་དེས་བཞོན་མ་མགོ་གྲངས་165ཉོས་པ་དང་འབྲེལ། ལྷས་རྭ་དང་། གཟན་ཆག་ཁང་། ལས་སྣོན་ཁང་སོགས་སྒྲིག་བཀོད་ལེ་ལག་ཚང་པོ་བཀོད་སྒྲིག་བྱས་པ་དང་། གསོ་ཚགས་རྟེན་གཞི་བསྐྲུན་པ་དེས་ལེ་མ་གྲོང་ཚོའི་དུད་ཚང་39ཡི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་160ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཅིང་། འདི་ནི་འཇོ་མདའ་རྫོང་དབོན་པོ་སྟོད་ཤང་ལེ་མ་གྲོང་ཚོའི་བ་གླང་གསོ་ཚགས་རྟེན་གཞིའི་ཟུར་ཞིག་ཡིན་པ།

ཉེ་ཆར། གསར་འགོད་པ་འཇོ་མདའ་རྫོང་སྤོ་ལོ་ཤང་སྐུ་ཚེ་གྲོང་ཚོའི་ཁམས་པའི་བོད་ཕག་གསོ་ཚགས་རྟེན་གཞིར་སྐྱོད་སྐབས། འཆར་འགོད་ལེགས་ལ་གྲལ་སྟར་སྒྲིག་པའི་བཟོ་ཁང་དཀར་པོའི་སྒོ་རའི་ནང་ཤེད་མ་ལེགས་པའི་ཕག་པ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག “གསོ་ཚགས་རྟེན་གཞི་བཙུགས་པ་ནས་བཟུང་། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་ཡུལ་མི་ཚེ་དབང་རིག་འཛིན་གྱིས་དེ་ལྟར་བཤད་བྱུང་།

2015ལོར། འཇོ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག སྐུ་ཚེ་གྲོང་ཚོར་གསོ་ཚགས་རྟེན་གཞི་བཙུགས་པར་ཡུལ་མི་སྒེར་གྱིས་གསོ་ཚགས་བྱས་པའི་ཕག་པ་གཅིག་སྡུད་ཐོག་རྟེན་གཞིར་གསོ་ཚགས་བྱས་ནས་དུད་ཚང་རེས་ལོ་ལྟར་རྟེན་གཞིར་ཕག་ལྟོ་སྤྱི་རྒྱ་150སྐྱེལ་ཚེ་ལོ་མཇུག་ཏུ་ཁེ་སྤོགས་40%ལེན་རྒྱུ་ཡོད་ལ་བྱ་ཐབས་དེས་ཡུལ་མིར་སྟབས་བདེ་བྱུང་བ་དང་དུས་མཚུངས་ཡོང་འབབ་ཀྱང་ཆེས་ཆེར་འཕར་ཡོད།

འདི་ལོ་ཤར་ཚུན་དུ། འཇོ་མདའ་རྫོང་གིས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་དབུལ་པོའི་གནས་ཚུལ་ལ་གཞི་ཚུགས་ནས་མི་འབོར་དབུལ་པོར་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ནས“གནད་སྨིན་དྲུག” དང“དོན་འཁྱོལ་བརྒྱད” “5+N”བཅས་ཀྱི་ལས་ཀའི་བྱ་ཐབས་ཀྱི་བླང་བྱ་གཞིར་བཟུང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། འཇོ་མདའ་རྫོང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དུད་ཚང་1554ཡི་མི་གྲངས་8377བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་རྒྱུ་ཡིན་ཞིང་། 2016ལོར་ས་ཚིགས་14རུ་ལས་འགོ་འཛུགས་རྒྱུའི་འཆར་འགོད་བྱས་པར་དུད་ཚང་906གི་མི་གྲངས་4632གནས་སྤོ་བྱ་རྩིས་ཡོད་པའི་ནང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་601གི་མི་གྲངས་2925ཟིན་པ་དང་དུས་མཚུངས་དུད་ཚང་305ཡི་མི་གྲངས་1707གནས་སྤོ་བྱ་རྒྱུ་རེད།

འཇོ་མདའ་རྫོང་གི“གླིང་ཁུལ་གསུམ་དང་། ཡུག་ཁུལ་གསུམ། ཁྱད་ཆོས་བཞི། གཅིག་རེ་གསུམ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་ཁྲིད་དང་ཟུང་འབྲེལ་གྱིས་ཐོན་ལས་དབུལ་སྐྱོར་ཚད་བརྒལ་བྱེད་སར་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་འཇོན་ཐང་ཅན་གྱིས་སྣེ་ཁྲིད་པ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱུང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་མ་ཐེབས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་ནས“ཐོན་ལས་ལས་འབབ་འཕར”ཡོང་བ་བྱས་ཡོད། རྫོང་དེས་གཅིག་སྡུད་ས་ཚིགས་10བསྐྲུན་རིང་། གཅིག་སྡུད་ས་ཚིགས་སུ་བ་གླང་གསོ་ཚགས་དང་། ཤིང་འབྲས་འདེབས་འཛུགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་བཀོད་སྒྲིག་བྱས་པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་513གི་མི་གྲངས་2492དབུལ་སྒྲོལ་བརྟན་པོ་ཡོང་བར་སྣེ་ཁྲིད་ཐུབ་ཡོད།

རྫོང་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”སྤྱིའི་འཆར་གཞིའི་ནང་། སྤོ་ལོ་ཤང་གི་ཤིང་བརྐོས་དང་འདན་ཁོག་ཤང་གི་བ་གླང་གི་རྒྱུད་པ་ལེགས་བཅོས་སོགས་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་125འཆར་འགོད་བྱས་པར་མ་དངུལ་བསྡོམས་སྒོར་དུང་ཕྱུར་7.6631གཏོང་རྩིས་ཡོད་པ་དེ་ཁྱད་ལྡན་འདེབས་འཛུགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས། འཛུགས་སྐྲུན་རྒྱུ་ཆ། ཚོང་ཟོག་ཡུལ་སྐོར་ཞབས་ཞུ་སོགས་ཐོན་ལས་རྣམ་གྲངས་དང་འབྲེལ་ཡོད་ལ་རྫོང་དེའི་དུད་ཚང་3020གྱི་མི་འབོར་དབུལ་པོ་13993ལ་ཁྱབ་ཡོད་པ་རེད།

འདི་ལོ་འཇོ་མདའ་རྫོང་གིས་སྣོད་བཅུད་སྤྱི་ཕན་ནགས་ཁུལ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བས་རྣམ་གྲངས་ཁུལ་གྱི་མི་འབོར་དབུལ་པོ་2679ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་600བྱུང་ཡོད། ས་ཁོངས་ཀྱི་སྤྱི་ཕན་ནགས་ཁུལ་རྣམ་གྲངས་གཙོ་གནད་དུ་ལག་ལེན་བསྟར་བ་དེས་ནགས་བཟོ་རྒྱ་ཁྱོན་མུའུ་519ལེགས་གྲུབ་བྱུང་ནས་འཇོ་མདའ་གྲོང་རྡལ་དང་། སྲིབ་མདའ་ཤང་། ཉ་གཤིས་ཤང་བཅས་ཀྱི་ཞིང་འབྲོག་པར་ངལ་ནུས་ཕྱིར་གཏོང་གི་ཉིན་རེའི་ལས་ཡུན་ཉིན་2747མཁོ་འདོན་བྱས་པར་རྣམ་གྲངས་མ་དངུལ་སྒོར་ཁྲི་43.6སྤྲད་པས་རྣམ་གྲངས་ཁུལ་གྱི་དུད་ཚང་100ཡི་དཀའ་ངལ་ཡོད་པའི་མང་ཚོགས་400ཙམ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

སྐམ་ཐོག་གྲོང་རྡལ་ནི་རྒྱལ་ལམ་317ལམ་རྒྱུད་ཀྱི་བོད་དུ་ཡོང་སའི་གྲོང་རྡལ་ཨང་དང་པོ་དེ་ཡིན་ཞིང་། འདི་ལོ་ལོ་72ལ་སླེབས་པའི་རྒན་རྒོན་བུ་དྲུག་ནི་སྐམ་ཐོག་གྲོང་ཚོའི་གནས་སྤོས་དུད་ཚང་ཞིག་ཡིན། ང་ཚོ་ཁོང་གི་ཁྱིམ་དུ་མ་འཛུལ་གོང་ནས་རྒན་རྒོན་གྱིས་ཕེབས་བསུ་དང་བཅས་ཕྱིར་ཕེབས་ནས་གསར་འགོད་པའི་ལག་ནས་བཟུང་སྟེ“ང་ཚོ་ནང་མི་8པོ་དེ་སྔ་དུས་ཡུན་རིང་པོ་རི་ཁུལ་དུ་བསྡད་དེ་གཞན་དང་འབྲེལ་ཐག་ཆོད་ཡོད། ད་ཆ་རི་ཁུལ་ནས་འདིར་གནས་སྤོས་བྱས་ཏེ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བས་གང་སྤྱིའི་ཐད་སྟབས་བདེ་པོ་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

རྒན་རྒོན་གྱིས་ད་དུང་སྐམ་ཐོག་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གནས་སྤོས་དུད་ཚང་ཚང་མའི་ལས་ཞུགས་གནད་དོན་ལ་བསམ་གཞིག་བྱས་ཤིང་། སྔར་ཡོད་ས་ཆའི་རྨོ་བསྐྱུར་ནགས་གསོར་ཁ་གསབ་ཡོང་འབབ་དང་། ནགས་སྲུང་ཡོང་འབབ། ཁང་གསར་ལ་བོགས་གཏོང་ཚོང་ཁང་ཡོད་པའམ་ཡང་ན་ཚོང་ཙག་ཙིག་རྒྱག་པ། ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པ་བཅས་ལས་ན་གཞོན་ཚོ་ལས་ཞུགས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་ཞེས་བཤད་བྱུང་།

སྐམ་ཐོག་གྲོང་རྡལ་གྱི་ཀྲེན་ཀྲང་ཝང་ཤང་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་རྡལ་སྲིད་གཞུང་མཐའ་འཁོར་གྱི་རི་སྟེང་དུ་གནས་པའི་དུད་ཚང་30རང་འདོད་ལྟར་ཁང་པ་གསར་པའི་ནང་གནས་སྤོ་བྱས་ཡོད། ད་ཆ་མི་སེར་རྣམས་རང་མོས་ངང་ཕྱིར་ལས་མི་བྱེད་པ་དང་སྲིད་གཞུང་གི་ཐོན་ལས་དབུལ་སྐྱོར་ལ་རམ་འདེགས་ཧུར་ཐག་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།