འཇའ་ཟམ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་གི་སློབ་གྲྭའི་ལས་དོན་རུ་ཁག་གིས་དབུལ་པོའི་བྱིས་པར་གྱོན་གོས་650ལྷག་ཙམ་སྤྲད་པ།

| 2015-04-17 11:28:02

ཉེ་དུས་འཇའ་ཟམ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ལས་དོན་རུ་ཁག་གིས་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་དང་མཉམ་དུ་འཇའ་ཟམ་གྲོང་ཚོའི་བྱིས་པ་ཚོར་གྱོན་གོས་གསར་པ་650ལྷག་ཙམ་སྤྲད་དེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་གཅེས་སེམས་གཞི་རིམ་མང་ཚོགས་ཚོས་ཚོར་ཐུབ་པ་བྱས་པ་རེད།

འཇའ་ཟམ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་བརྒྱུད་འཇའ་ཟམ་གྲོང་ཚོའི་གྲོང་མི་ཚོའི་འཚོ་བ་དབུལ་བས་བྱིས་པ་མང་པོ་ཞིག་དགུན་ཨ་ཧྲང་ད་ཧྲང་གི་དུས་སུའང་གྱོན་གོས་སྲབ་མོ་ལས་གྱོན་རྒྱུ་མེད་པ་ཤེས་རྟོགས་བྱུང་རྗེས“དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི”ལས་ཀའི་འདུ་ཤེས་ལ་གཞིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གནས་ཚུལ་དེ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཏེ་གཅེས་སེམས་རྩ་འཛུགས་དང་མི་སྣའི་རོགས་རམ་ཐོབ་རེ་བྱས་པ་རེད། “རོགས་སྐྱོར་གནང་རོགས་ཞུ་བའི”ཆ་འཕྲིན་དེར་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཀླུ་སྒུག་གཅེས་སེམས་ཁང་གི་དོ་ཁུར་ཐོབ་ནས་དུས་ཐུང་ནང་འཇའ་ཟམ་གྲོང་ཚོར་རིན་ཐང་སྒོར་33100རི་བའི་གྱོན་གོས་650ལྷག་ཙམ་ཞལ་འདེབས་ཕུལ་ཡོད་པ་རེད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་རོགས་རམ་ཐོབ་མཁན་གཙོ་བོ་ནི་འཇའ་ཟམ་གྲོང་ཚོའི་ལོ་3ནས་15བར་གྱི་ལོ་ཆུང་བྱིས་པ་ཡིན་པ་དང་གྱོན་གོས་ནང་བྱ་སྤུ་དང་། བྱིས་ལྷམ། སྤུན་དོག་གི་སྟོད་གོས་སོགས་ཡོད་པས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་དངོས་འབྲེལ་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།