སྐམ་ཐོག་གྲོང་ཚོས་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིའི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་སྟངས་གསར་པ་གཏོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-26 10:00:51

འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྐམ་ཐོག་གྲོང་ཚོར་གླ་པར་འགྲོ་མཁན་མང་བ་དང་། གཞིས་སྲུང་བྱིས་པར་དོ་དམ་བྱེད་དཀའ་བ། དུད་ཚང་དབུལ་པོ་ཕྱུག་འགྱུར་གྱི་ཐབས་ལམ་རྐྱང་པ་ཡིན་པ། མི་ཧྲེང་རྒན་རྒོན་མང་པོ་ཡོད་པ་སོགས་ཀྱི་དཀའ་གནད་ལ་དམིགས་པ་དང“གཞིས་སྲུང་བྱིས་པ”དང་། “དུད་ཚང་དབུལ་པོ”“མི་ཧྲེང་རྒན་རྒོན”བཅས་ལ་གཅེས་སྐྱོང་བྱ་རྒྱུ་དང་བསྟུན་ནས་ཏང་ཡོན་དཔུང་ཁག་གིས་དམངས་ལ་ཞབས་འདེགས་ཞུ་བའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ནས“གཞིས་སྲུང་བྱིས་པར་རོགས་སྐྱོར་བྱེད་པའི་ལམ་སྲོལ”དང“ཏང་ཡོན་ལས་བྱེད་པས་དུད་ཚང་དབུལ་པོར་ཁ་གཏད་འབྲེལ་བ་བྱེད་པའི་ལམ་ལུགས”སོགས་ལམ་སྲོལ་མང་པོ་བཟོས་པ་དང་འཐུས་ཚང་དུ་བཏང་བ་དང་། “ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་གཞིས་སྲུང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་རུ་ཁག”དང་། “ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་གདོང་ལེན་རུ་ཁག”“ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་མི་ཧྲེང་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་རུ་ཁག”བཅས་བཙུགས་ནས་རོགས་སྐྱོར་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་རོགས་སྐྱོར་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས“དངོས་རོགས”དང“དངོས་སྐྱོར”གྱི་དམངས་ཕན་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད་པ་རེད།

གཞིས་སྲུང་བྱིས་པ་སྐྱོང་། ལས་མིའི་ཁུར་པོ་ཡང་།

སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྐམ་ཐོག་གྲོང་ཚོར་ཕྱིར་གླ་པར་སྐྱོད་མཁན་མང་པོ་ཡོད་པ་དང་གཞིས་སྲུང་བྱིས་པར་དོ་དམ་བྱེད་དཀའ་བའི་ད་ཡོད་གནས་ཚུལ་ལ་དམིགས་ཏེ“གཞིས་སྲུང་བྱིས་པར་གཅེས་སྐྱོང་བྱེད་པའི་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིའི་ཞབས་ཞུའི་རུ་ཁག”བཙུགས་ནས་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་གཞིས་སྲུང་བྱིས་པར་རོགས་སྐྱོར་བྱེད་པའི་ལམ་ལུགས་བཟོས་པ་དང་ལག་ལེན་དུ་འཁྱོལ་ཐུབ་པའི་རོགས་སྐྱོར་བྱ་ཐབས་བཟོས་པ་རེད།

གཅེས་སྐྱོང་ལས་དོན་དེ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་ཕྱིར“གཅིག་གཏད་གཅིག”གི་རོགས་རམ་ལམ་སྲོལ་གཏོད་ནས་གཞིས་སྲུང་བྱིས་པ་རེར་ཏང་ཡོན་གཅིག་དང་སྡེ་ཚོགས་ཀྱི་ཚོགས་མི་གཅིག་གིས་མཉམ་དུ་རོགས་རམ་བྱས་ཏེ་གཞིས་སྲུང་བྱིས་པར་སློབ་སྦྱོང་ཐད་ངང་རྒྱུད་རིང་པོས་ཟུར་ཁྲིད་བྱེད་པ་དང་འཚོ་བའི་ཐད་སེམས་རྩ་འཁོལ་པོས་ལྟ་སྐྱོང་བྱེད་ཀྱི་ཡོད་པས་གཞིས་སུང་བྱིས་པ་ཚོས་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བ་རེད།

སྤྱི་ཚོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་དང་བླངས་པ་སྒྲིག་འཛུགས་ཀྱིས་གཞིས་སྲུང་སློབ་མ་དང་དུས་ཡུན་རིང་པོའི་འབྲེལ་བ་དང་རོགས་སྐྱོར་ལམ་ལུགས་གཏོད་ནས་དུས་བཀག་ནང་སྤེལ་རེས་དང་སྙིང་གཏམ་ཤོད་རེས་བྱས་ཏེ་ཁོང་ཚོའི་བསམ་ཚུལ་ཤེས་རྟོགས་དང་ཞིང་དལ་དུས་ཚོད་སྤྱད་དེ་གཞིས་སྲུང་བྱིས་པའི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱེད་ཀྱི་ཡོད་པ་རེད། 2014ལོར་གཞིས་སྲུང་བྱིས་པར་གཅེས་སྐྱོང་དང་དུད་ཚང་ལ་ཞབས་འདེགས་ཞུ་བར་སྐྱོད་པའི་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་བ་དང་། འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་ཐེངས་3སྤེལ་བ། གྲོང་ཚོ་དེ་ཡོངས་ཀྱི་གཞིས་སྲུང་བྱིས་པར་རིན་ཐང་སྒོར་10000རི་བའི་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་ཐེངས་གཉིས་ཉོས་ཏེ་གཞིས་སྲུང་བྱིས་པ་ཚང་མའི་ལག་ཏུ་སྤྲོད་ཐུབ་པ་བྱས་པ་རེད།

ཆ་སྒྲིག་རོགས་སྐྱོར་བྱས། ཕྱུག་འགྱུར་ཐབས་ལམ་རྙེད།

སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ལག་ལེན་གྱི་འདྲེན་རྟེན་སྔར་བས་གསར་གཏོད་བྱས་ནས“ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་གདོང་ལེན་རུ་ཁག”བཙུགས་པ་རེད།

རོགས་སྐྱོར་བྱེད་ཡུལ་གཏན་འཁེལ་གསལ་པོ་བྱས་པ། ཏང་ཀྲི་པུའུ་ཡིས་རོགས་སྐྱོར་གྱི་འཆར་གཞི་ཞིབ་ཕྲ་བཟོས་པ་དང་ཆ་སྒྲིག་རོགས་སྐྱོར་བྱེད་ཡུལ་དང་། རོགས་སྐྱོར་བྱ་ཐབས། རོགས་སྐྱོར་དུས་ཚོད་བཅས་གསལ་པོ་བཟོས་པ། བསམ་བློའི་ཆུ་ཚད་མཐོ་བ་དང་ལས་སྒོའི་འཇོན་ཐང་ཆེ་བའི་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་མང་ཚོགས་ལ་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་འདེམས་གཏོང་བཅས་བྱས་པ་མ་ཟད། ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མི་རེར་རོགས་སྐྱོར་བྱ་ཡུལ་གཅིག་ནས་གཉིས་བར་གཏན་འཁེལ་བྱས་ནས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ལ་རོགས་རམ་ཧུར་ཐག་བྱས་པས་ཁོང་ཚོའི་འཚོ་བ་ཡག་ཏུ་ཕྱིན་ཡོད་པ་རེད།

དུས་བཀག་ནང་སྙིང་གཏམ་ཤོད་རེས་ཀྱི་བྱེད་སྒོ་སྤེལ་བ། རོགས་སྐྱོར་བྱེད་འགན་འཁུར་མཁན་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་རོགས་སྐྱོར་བྱ་ཡུལ་དང་དུས་བཀག་ནང་སྙིང་གཏམ་ཤོད་རེས་བྱེད་པའི་བྱེད་སྒོ་སྤེལ་ནས་ཁོང་ཚོའི་བསམ་བློ་དང་། ལས་ཀ འཚོ་བ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད་པ་རེད། 2014ལོར་རོགས་སྐྱོར་ཆ་སྒྲིག་19བྱས་པ་དང་། རྩ་འཛུགས་ཀྱི་མིང་ཐོག་ནས་སྙིང་གཏམ་ཤོད་རེས་ཀྱི་བྱེད་སྒོ་ཐེངས་12སྤེལ་བ། རིན་ཐང་སྒོར་ཁྲི་4ལྷག་ཙམ་རི་བའི་འཚོ་བའི་དངོས་རྫས་སྤྲད་པ། དུད་ཚང་དབུལ་པོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་རོགས་དང་ཕྱུག་འགྱུར་གྱི་ཐབས་ལམ་12འཚོལ་རོགས་བྱས་པ་བཅས་རེད།

མི་ཧྲེང་རྒན་རྒོན་སྐྱོང་། སེམས་ལ་དྲོ་སྐྱིད་སྦྱིན།

སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཞབས་ཞུ་བྱེད་སྟངས་སྔར་བས་གསར་གཏོད་བྱེད་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཞིང་འབྲོག་པ་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ནས་ཁྱིམ་མཚེས་དབར་ཕན་ཚུན་ངོ་ཤེས་དང་། ཕན་ཚུན་ཤེས་རྟོགས། ཕན་ཚུན་རོགས་སྐྱོར་བཅས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། སྐམ་ཐོག་གྲོང་ཚོར་ཕྱིར་གླ་པར་འགྲོ་མཁན་མང་བ་དང་མི་ཧྲེང་རྒན་རྒོན་མང་པོ་ཡོད་པའི་དོན་དངོས་དང་ཟུང་འབྲེལ་གྱིས་རྒན་རྒོན་རྣམས“གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ལྷག་པའི”དྲོ་སྐྱིད་ཚོར་ཐུབ་པ་བྱ་ཕྱིར“ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་མི་ཧྲེང་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་རུ་ཁག”བཙུགས་པ་རེད།

“ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་མི་ཧྲེང་རྒན་རྒོལ་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་རུ་ཁག”བཙུགས་པ་མ་ཟད། གྲོང་ཚོ་དེ་ཡོངས་ཀྱི་གཅིག་པོར་སྡོད་མཁན་རྒན་རྒོན་དང་རྒུད་སྐྱོབ་བྱ་ཡུལ་མི་ཧྲེང་རྒན་རྒོན་གྱི་ཡིག་ཚགས་བཟོས་པ་དང་། སྐོར་ཞིབ་དང་ལྟ་བའི་ལམ་ལུགས་བཟོས་པ། “གསུམ་གྱིས་གཅིག་ལ་རོགས་སྐྱོར”(ཞིང་འབྲོག་པ་ཏང་ཡོན་གཅིག་དང་། ཁྱིམ་མཚེས་དང་གྲོང་པ་གཅིག ཞིང་འབྲོག་པ་སྡེ་ཚོགས་ཀྱི་ཚོགས་མི་གཅིག་བཅས་ཀྱིས་གཅིག་པོར་སྡོད་མཁན་རྒན་རྒོན་དང་རྒུད་སྐྱོབ་བྱེད་སའི་མི་ཧྲེང་རྒན་རྒོན་ལ་རོགས་སྐྱོར)བྱེད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ། གྲོང་ཚོ་ཡོངས་མཉམ་རོགས་ཀྱི་དྲ་བ་བཙུགས་པ། འཕྲལ་སྡོམ་ལམ་སྲོལ་སོགས་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་བཟོས་ནས་གྲོང་ཚོ་དེ་ཡོངས་ཀྱི་མི་ཧྲེང་རྒན་རྒོན་དང་། གཅིག་པོར་སྡོད་མཁན་རྒན་རྒོན་དབུལ་པོ། ལོ་ན་རྒན་ཡང་གཅིག་པོར་སྡོད་མཁན་རྒན་རྒོན་བཅས་ལ་དུས་རྒྱུན་དུ་ཞབས་ཞུ་དང་གཡོག་བྱེད་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཚོ་དེ་ཡོངས་ཀྱི་གཅིག་པོར་སྡོད་མཁན་མི་ཧྲེང་རྒན་རྒོན་ལ་སེམས་རྩ་འཁོལ་པོའི་ངང་སེམས་ཁུར་དང་ཞབས་ཞུ་བྱས་ནས་རྒན་རྒོན་རྣམས་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་རྟེན་ས་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ་བཅས་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།