འཇོ་མདའ་རྫོང་་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:17

འཇོ་མདའ་རྫོང་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དང་།ཆབ་མདོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད།འཕྲེད་རྒྱུག་རི་རྒྱུད་བཅས་སུ་གནས་ཡོད།རྫོང་ཡོངས་ཀྱི་ས་བབ་ནུབ་བྱང་ནས་ཤར་ལྷོར་གསེག་ནས་འབྲི་ཆུ་རྒྱུག་ཁུལ་གྱི་རོང་སར་

ཡོད། ས་བབ་དམའ་ཤོས་སྨི་2800དང་ས་བབ་མཐོ་ཤོས་སྨི་5436ཟིན་ཡོད་ལ།  འཇོ་མདའ་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.29ཡོད། །རྫོང་མི་དམངས་སྲིད་གཞུང་འཇོ་མདའ་གྲོང་རྡལ་དུ་གནས་ཡོད།

འཇོ་མདའ་རྫོང་ཡོངས་སུ་གྲོང་རྡལ་2དང་། ཤང་11 སྲིད་འཛིན་གྲོང་ཚོ་94 གྲོང་མི་ཨུ་ལྷན་1བཅས་ཡོད།

རྫོང་དེར་མི་འབོར་ཁྲི་3ལྷག་ཙམ་ཡོད། བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་ཡོད་པ་དང་བོད་རིགས་མི་འབོར་གྱིས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི་94%

བཟུང་ཡོད།

འཇོ་མདའ་རྫོང་དུ་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་9.4དང་མི་རེར་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ་1.15ཡོད་པ་དང་། རྩྭ་ར་ཁྱོན་མུའུ་ཁྲི་1641.5དང་བེད་སྤྱོད་བྱས་ཆོག་པའི་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་1400ཡོད་པ།

ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་123ཡོད་པ་བཅས་རེད།

རྫོང་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་གཙོ་བོ་སྤོ་ལོ་ཤང་དང་། ཨུད་དཔལ་ཤང་། སྐམ་ཐོག་གྲོང་རྡལ། དབོན་པོ་སྟོད་ཤང་། གདན་ཁོག་ཤང་སོགས་འབྲི་ཆུའི་རྒྱུད་ཀྱི་ཤང་གྲོང་དུ་ཁྱབ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།