འཇོ་མདའ་རྫོང་ལ་ལོ་ན་གཞོན་པའི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ཐབས་གསར་ཡོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དང་ཨུད་དཔལ་ཤང་གི་ཁོངས་གཏོགས་ལས་དོན་རུ་ཁག་གིས་གནས་ཚུལ་དངོས་གཞིར་བཟུང“ཤུགས་སྣོན་གཉིས”ཀྱི་བྱ་ཐབས་སྤྱད་པའི་ཁར“བརྒྱུད་རོགས་ཁྲིད”གསུམ་གྱི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཤང་གྲོང་གི་ལོ་ན་གཞོན་པའི་ལས་བྱེད་པ་གསོ་སྐྱོང་བྱེད་རོགས་བྱས་པ་རེད།

གཅིག་སྡུད་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱི་བསམ་ནུས་ཆེ་རུ་བཏང་ཞིང་།ཆེད་དོན་འཆད་ཁྲིད་སོགས་བྱེད་སྟངས་སྤྱད་དེ་ཁོངས་གཏོགས་ཤང་གྲོང་གི་ལོ་ན་གཞོན་པའི་ལས་བྱེད་པར་སློབ་སྦྱོང་ཉམས་མྱོང་རྒྱས་བཤད་བྱས་པ་དང་།སློབ་སྦྱོང་དྲ་ཚིགས་འཚོལ་རོགས་དང་ངོ་སྤྲོད་བྱས་པ།སློབ་སྦྱོང་བྱེད་པའི་ཐབས་ཤེས་བཤད་པ།གཞུང་ཡིག་རྩོམ་འབྲིའི་ཐབས་རྩལ་བརྒྱུད་ཁྲིད་བཅས་བྱས་ཡོད་ཅིང་།མིག་སྔའི་བར་གཅིག་སྡུད་གསོ་སྦྱོང་ཐེངས་4བྱས་པ་དང་གསོ་སྦྱོང་ནང་མི་ཐེངས་120ལྷག་ཙམ་ཞུགས་ཡོད་པ་རེད།

གཞུང་ཡིག་རྩོམ་འབྲིའི་ལས་སུ་ཞུགས་རིང་ཁོངས་གཏོགས་ཤང་གྲོང་གི་ལོ་ན་གཞོན་པའི་ལས་བྱེད་པར་དག་བཅོས་བྱ་རྒྱུའི་བསམ་འཆར་བཏོན་པ་དང་འབྲེལ་གཞུང་ཡིག་དེ་རིགས་འབྲི་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་ནན་བཤད་བྱེད་ཀྱི་ཡོད་ཅིང་།མིག་སྔའི་བར་ཁོངས་གཏོགས་ཤང་གྲོང་གི་ལོ་ན་གཞོན་པའི་ལས་བྱེད་པ་8ཀྱིས་དམར་ཁྲིད་དང་ལེན་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།