འཇོ་མདའ་རྫོང་གིས་དམངས་ལ་ཞབས་འདེགས་ལེགས་པར་ཞུས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་འཇོ་མདའ་རྫོང་གིས“དམངས་ཕན་དང་།ནུས་ཆེ།གསར་གཏོད།སྤྱོད་གཙང་།ཚད་ལྡན”བཅས་ཀྱི་བླང་བྱ་ལྟར་རྫོང་སྲིད་དོན་གཞུང་ལས་ཚོམས་ཆེན་དང་ཤང་གྲོང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གཙོ་གནད་དུ་བྱས་ཏེ“གཅིག་འཐུས་རྣམ་པའི”ཞབས་ཞུའི་སྐར་ཁུངས་གཉེར་ནས་སྲིད་འཛིན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ལ་ཞབས་འདེགས་ལེགས་པར་ཞུ་གི་ཡོད་པ་རེད།

སྐར་ཁུང་སྟབས་བདེ་ཅན།སྲིད་ཇུས་བློ་འདྲི་དང་།ལག་ཁྱེར་གཉེར་བ།གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་སྐར་ཁུང་མང་པོ་བཙུགས་པས་ཞབས་ཞུའི་ཚོམས་ཆེན་དུ་མང་ཚོགས་ཀྱིས་ལག་ཁྱེར་གཉེར་བ་དང་འབྲེལ་ཡོད་ལས་ཀ་གཞན་དག་བསྒྲུབ་རྒྱུ་ཐེངས་གཅིག་ལ་ལེགས་སྒྲུབ་ཡོང་ཐུབ་ཀྱི་ཡོད།

གོ་རིམ་ཚད་ལྡན་ཅན།ལས་དོན་མི་སྣས་ཞབས་ཞུའི་ཁས་ལེན་ནན་པོར་གཞིགས་ནས།འགན་འཁྲི་རྩད་་གཅོད་ཀྱི་ལམ་ལུགས་དང་།ཐེངས་གཅིག་ཁོ་ནར་ཤོད་པའི་ལམ་ལུགས།དུས་བཅད་སྒྲུབ་གཉེར་ལམ་ལུགས།མང་ཚོགས་བཅར་འདྲི་སྣེ་ལེན་ལམ་ལུགས།སྲིད་འཛིན་ནོར་འཛོལ་རྩད་གཅོད་སོགས་ལག་ལེན་བསྟར་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད།ཁོར་ཡུག་ཤ་ཚ་ཅན།ཞབས་ཞུའི་ཚོམས་ཆེན་ནང་སྒྲོག་ཙེ་རྐུབ་སྟེགས་དང་།གློག་ཀླད།པར་འདེབས་འཕྲུལ་འཁོར་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་འབྲེལ་ཤ་ཚའི་དྲན་སྐུལ་ཡི་གེ་སྦྱར་བ་དང་ཞབས་ཞུའི་བརྒྱུད་རིམ་དང་ཞབས་ཞུའི་ཕྱོགས་སྟོན་སོགས་གྱང་ལྡེབས་སུ་སྦྱར་ནས་མང་ཚོགས་ལ་ཤ་ཚའི་ཞབས་ཞུའི་ཁོར་ཡུག་བཏོད་ཡོད།ཞབས་ཞུ་མི་གཤིས་ཅན།སྒོ་འཛུལ་དཀའ་བ་དང་།རྣམ་འགྱུར་ངན་པ།བྱ་བ་སྒྲུབ་དཀའ་བ་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་གཏོང་ཆེད།ལས་དོན་མི་སྣར་ལས་སྒོ་སྒྲུབ་པར་ཡོང་བའི་མང་ཚོགས་ལ་ངེས་པར་དུ་རྣམ་འགྱུར་ལེགས་པོ་བཏོན་དགོས་པའི་བླང་བྱ་བཏོན་ཡོད།ཕྱི་མིས་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་བློ་འདྲི་དང་ལེན་དང་འབྲེལ་ལས་སྒོ་སྒྲུབ་སྐབས་ཁྲིད་སྟོན་བྱེད་ཀྱི་ཡོད།ཏང་སྲིད་འགོ་ཁྲིད་ཀྱིས་ཉིན་ལྟར་རེས་མོས་སྡོད་བྱ་བྱས་ནས་ལྟ་སྐུལ་བྱས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཐབས་བྱེད་ཀྱི་ཡོད།བསྡོམས་རྩིས་ལྟར་ན།མིག་སྔའི་བར་ཞབས་ཞུའི་ཚོམས་ཆེན་གྱིས་མང་ཚོགས་ཀྱི་བློ་འདྲི་མི་ཐེངས་3000ལྷག་ཙམ་སྣེ་ལེན་བྱེད་པ་དང་མང་ཚོགས་ལ་ཐེམ་ཐོ་དང་།སྨན་བཅོས་འགན་བཅོལ།རྒན་གསོ་འགན་བཅོལ་སོགས་བྱ་བ་750ལྷག་ཙམ་སྒྲུབ་རོགས་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།