གོ་འཇོ་རྫོང་གིས“མཐའ་འཁྱོངས་ལྔ”ལག་བསྟར་བྱས་ནས་སྔོན་གཏོད་ལེགས་བརྩོན་དེ་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-15 11:54:31

གོ་འཇོ་རྫོང་གིས་རྫོང་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང“མཐའ་འཁྱོངས་ལྔ”དང་སྔོན་གཏོད་ལེགས་བརྩོན་ལ་སྐུལ་འདེད་བཏང་བས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་ཁྲོད་མཐུན་སྒྲིལ་དང་། ཛ་དྲག གཟབ་ནན། འཁྲུག་པོ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

བསམ་བློའི་འཛུགས་སྐྱོང་ཐད་སྔོན་གཏོད་ལེགས་བརྩོན་མཐའ་འཁྱོངས་བྱེད་པ། སློབ་སྦྱོང་ལམ་ལུགས་མཐའ་འཁྱོངས་ཀྱིས་ཆབ་སྲིད་རིགས་པའི་གཞུང་ལུགས་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་ཏང་གི་སྒྲིག་ཡིག་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱས་ནས་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་བརྩི་སྲུང་ཞུ་བ་དང་ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དད་སེམས་སློབ་གསོ་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རིགས་པའི་གཞུང་ལུགས་དང་། དར་ཆ། ཁ་ཕྱོགས། ལམ་བུ། ལམ་ལུགས་བཅས་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་རྩ་དོན་ཐད་ཡིད་ཆེས་བརྟན་པོ་དང་། བློ་ཕྱོགས་བརྟན་པོ། མཐའ་འཁྱོངས། བརྟན་སྲུང་བཅས་ཐུབ་པ་བྱེད་ཀྱི་ཡོད་པ་བཅས་རེད།

ལས་ཀའི་བྱས་རྗེས་ཐད་སྔོན་གཏོད་ལེགས་བརྩོན་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་དང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་རང་རྟོགས་ངང་དམིགས་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། མངོན་གསལ་དོད་པའི་བྱས་རྗེས་གསར་གཏོད་བཅས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁྲོད་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ་གཙོ་གནད་དམ་འཛིན་བྱེད་པ་དང་། བཀྲག་མདངས་འཚེར་ས་གཏོད་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། ཚོང་ལས་མཐུན་ཚོགས་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁྲོད་སྟེགས་བུ་གསར་པ་གཏོད་པ་དང་བྱ་ཐབས་གསར་པ་བཏོན་ནས་ཁེ་ལས་འཕེལ་རྒྱས་དང་རང་ཡུལ་དུ་ཕྱིར་ལོག་བྱས་ནས་ལས་གཏོད་ལ་སྐུལ་མ་གཏོང་བར་ཚད་བརྒལ་གསར་པ་ཡོང་བ་བཅས་བྱེད་ཀྱི་ཡོད་པ་རེད།

ནུས་པ་འཛུགས་སྐྱོང་ཐད་སྔོན་གཏོད་ལེགས་བརྩོན་མཐའ་འཁྱོངས་བྱེད་པ། ནུས་པའི་འདུ་ཤེས་དང་ལས་གནས་ཀྱི་འགན་འཁྲི་རང་རྟོགས་ངང་ཆེ་རུ་བཏང་སྟེ་སེམས་རྣལ་དུ་ཕབ་ནས་ལས་དོན་སྒྲུབ་པ་དང་། སེམས་ནུས་ཡོད་རྒུས་བྱ་གཞག་དོན་གཉེར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་བྱ་བ་སྒྲུབ་པ་བཅས་བྱས་ནས་ལས་སྒོའི་ཤེས་བྱ་དང་། སྲིད་ཇུས་ཁྲིམས་སྲོལ་ཀྱི་བློ་སྦྱོང་། རྩོམ་འབྲི་དང་བཤད་ནུས་ཀྱི་སྦྱོང་བརྡར་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཕྱོགས་བསྡུས་ཀྱི་ལས་སྒོའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་ཁ་གྲགས་ན་ཤོད་ཐུབ་པ་དང་། སྨྱུ་གུ་ཉར་ན་འབྲི་ཐུབ་པ། བྱ་བ་འཕྲད་ན་སྒྲུབ་ཐུབ་པ་བཅས་བྱེད་ཀྱི་ཡོད་པ་རེད།

སྤྱོད་ཚུལ་འཛུགས་སྐྱོང་ཐད་སྔོན་གཏོད་ལེགས་བརྩོན་མཐའ་འཁྱོངས་བྱེད་པ། གཞི་རིམ་དང་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་དང་པོ་དང་། ཞབས་འདེགས་ཞུ་ཡུལ་གྱི་དགོས་མཁོ་དེ་བརྡ་རྟགས་དང་པོ། གཞི་རིམ་དང་ཁེ་ལས་ཀྱི་བློ་ཡིད་ཚིམ་ཚད་དེ་ཚད་གཞི་དང་པོ་བཅས་ལ་བརྩིས་ནས་ཁ་གཏད་བོད་སྐྱོར་དང་དཔལ་འབྱོར་རོགས་ལས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་གོ་འཇོ་རྫོང་གིས་ལོ་ལྟར་གཅིག་སྡུད་ཀྱི་བརྟག་དཔྱད་ཟླ་བའི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གཞི་རིམ་དང་། ཁེ་ལས། འབྲེལ་གཏུག་ས་ཚིགས་བཅས་སུ་བསྐྱོད་དེ་འཚམས་འདྲི་ཞུ་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་རེ་ཞུ་ཤེས་རྟོགས་དང་གནས་ཚུལ་ངོ་མ་སྟངས་འཛིན་བྱས་ཏེ་གཞི་རིམ་གྱི་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། གཞི་རིམ་ལ་བཅངས་པའི་ཏང་ཡོན་ལས་བྱེད་པའི་བརྩེ་དུང་ཟབ་ཏུ་གཏོང་བ་བཅས་བྱས་པས་བརྟག་དཔྱད་ཞིབ་འཇུག་ལ་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

ཞི་མཐུན་ལས་ཁུངས་འཛུགས་སྐྱོང་ཐད་སྔོན་གཏོད་ལེགས་བརྩོན་མཐའ་འཁྱོངས་བྱེད་པ། ཏང་ཙུའུ་ཡིས་དོན་ཚན་གལ་ཆེན་ལ་གྲོས་བསྡུར་བྱེད་སྐབས་དམངས་གཙོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ་དང་། ཚན་ཁག་གི་ཁོངས་མིའི་དབར་ལྷག་བསམ་ཟོལ་མེད་དང་འགན་ཁུར་ཕོད་པ་བྱས་ཏེ་ཀྲི་པུའི་ཧྲུའུ་ཅི་ཚོས་ལས་བྱེད་ལས་བཟོར་སེམས་ཁུར་བྱེད་ཀྱི་ཡོད་པ་དང་མི་འདང་ས་མཐོང་སྐབས་དྲན་སྐུལ་ཡང་ཡང་བྱེད་པ་མ་ཟད། ལས་ཀ་དང་འཚོ་བའི་ནང་གི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱེད་པ། ལས་ཁུངས་ཏང་རྩ་འཛུགས་དང་བཟོ་ཚོགས་ཀྱིས་དུས་ངེས་མེད་ངང་རིག་རྩལ་བྱེད་སྒོ་སྣ་མང་སྤེལ་ནས་ལས་ཁུངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད་པ། ལོ་ལྟར་གཅིག་སྡུད་ཐོག་ངོ་འཕྲད་གདོང་ཐུག་དང་སེམས་པ་ཉེ་བཅར་གྱི་སྙིང་གཏམ་ཤོད་རེས་ཀྱི་བྱེད་སྒོ་སྤེལ་ནས་ལས་བྱེད་ལས་བཟོའི་བསམ་པའི་སྒུལ་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བཅས་བྱས་ནས་མཐུན་སྒྲིལ་དང་། ཛ་དྲག གཟབ་ནན། འཁྲུག་པོ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།